ཨ་མར་ཕུལ་བ།

ལི་སྟོད་བྱམས་བརྩེ་སློབ་གྲྭའི༼ གུ་རུ་རྡོ་རྗེ།༽        2018-10-31

ཨ་མ་ལགས། ཁྱེད་ནི་ལྔ་བཅུའི་བགྲང་བྱར་སོན་སྟབས། ན་རྒས་ཁུར་གྱིས་མནར་བའི་དུས་སུ་སླེབས་ཀྱང་། ངའི་དྲན་ལམ་དུ། ཁྱེད་ནི་མི་ཚོགས་ཀྱི་ཁྲོད་དུ་དྭངས་གསལ་འོད་དུ་འཚེར་བའི་བཅུ་དྲུག་ལང་ཚོའི་མཛེས་ཉམས་ངོམ་པའི་མཛངས་མ་ཞིག

སྙན་འཇེབས་ཀྱི་སྐད་སྒྲ་དང་། ཀུན་ལ་ཕན་པའི་འཛུམ་མདངས། རབ་དཀར་གངས་རིའི་མདངས་ལ་འགྲན་པའི་སེམས་པ། ཁྱེད་ཀྱི་ཡོད་ཚད་ནས་ཡོད་ཚད་དུས་རླུང་གིས་བྲབས་མི་ནུས་པ་བཞིན། སེམས་ཀྱི་གཏིང་སར་མཛེས་སྡུག་གིས་འཁྲུངས།

བསམ་ཐེངས་རེར། སྙིང་དང་གློ་བའི་བར་གསེང་ནས་བརྩེ་བའི་ཟུངས་ཁྲག་ཅིག ཚ་ལྷོག་ལྷོག་ཏུ་འཕྱོས་ནས་ལུས་སེམས་ཡོངས་སུ་སྦྲིད་པར་བྱེད། དེ་ལྟར། ཕྱིར་དྲན་གྱི་འགག་མདོ་ན། བུ་ངས་ནམ་ཡང་ཁྱེད་ཀྱི་ལང་ཚོར་བསྟོད་བསྔགས་བྱེད་བཞིན་ཡོད།


  • ལེ་ཚན་སྔོན་མ།:མི་མཁས་པ་སླེབས་མའི་སྔོན་མ། ཐོན་མི།
  • ལེ་ཚན་རྗེས་མ།:ངའི་ཕ་ཡུལ་གྱི་ཡུལ་ལྗོངས།
  • རྩོམ་གསར། 10