གཟའ་ཉི་མའི་ཉིན་མོ།

ནོར་རྒྱན་ལྷ་མོ།        2018-09-28

      ཞོགས་པའི་ཉི་ཟེར་གྱིས་ས་འཛིམན་དཀར་པོ་ལ་འཛུམ་མདངས་མ་ངོམ་གོང་ཞིག་ནས། ང་རང་རྒྱུན་ལྡན་ལྟར་མལ་ལས་ལངས་ཤིང་། དེ་རིང་བསྒྲུབ་དགོས་པའི་ལས་གས་ཞིག་ལ་རེ་སྙེག་བྱས་ནས་བསྡད།

      ང་དང་ངའི་སློབ་གྲོགས་འགའ་ཐོན་མིའི་ཐང་ཆེན་ནས་སློབ་གྲྭའི་རྒྱ་སྒོ་ལ་ཕྱོགས་ཏེ། ལོ་དྲུག་གི་རིང་ལ་ང་ཚོར་གང་ཤེས་སྩོལ་བའི་སློབ་དཔོན་དེ་ཕེབས་པར་རེ་སྨོན་བྱས་ནས་བསྒུགས།

      དེ་ལྟ་དེ་ལྟར། དུས་ཚོད་ནི་ཆུ་བོ་ལྟར་བཞུར་གྱིན་ཡོད་པས། ཉིན་གུང་སླེབས་བྱུང་། ང་ཚོས་སྔར་བཞིན་མིག་ཙམ་ཡང་མ་གཡོལ་བར་རྒྱ་སྒོ་དེར་བརྒྱུད་པའི་རླངས་འཁོར་དང་འཕྲུལ་རྟ་ལ་མིག་འདེད་བྱས་ཏེ་ཁོང་ཕེབས་པར་དགའ་སྤྲོ་ཁྲི་མ་འབུམ་གྱི་ངང་ནས་རེ་སྒུག་གཏིང་ཟབ་བྱས་མོད།

ཡིན་ཡང་། དོན་དག་ག་གེ་མོ་ཞིག་གི་དབང་གིས་ཁོང་དེ་རིང་གི་རེ་བསུ་ལ་ཕེབས་ཁོམ་མ་བྱུང་།

      མདོར་ན། མདོར་ན་ཤར་གྱི་ཉི་གཞོན་གྱིས་ནུབ་རི་མ་བརྒལ་བར་དང་། ལྷོ་ཡི་ཞོགས་སྤྲིན་བྱང་མཐར་མ་འགྲིམ་བར་དུ་ཁྱེད་ལ་སློབ་བུ་ང་ཚོས་རེ་སྒུག་བྱས་ནས་བསྡད།


  • ལེ་ཚན་སྔོན་མ།:དབྱངས་གསལ་སོ་བཞི།
  • ལེ་ཚན་རྗེས་མ།:འཕུར་ལ་ཉེ་བའི་བྱེའུ།