ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ།

བདེ་སྐྱིད་ཀྱིས་བསྒྱུར།        2018-07-23

    སྤྱི་ཟླ7པའི་ཚེས12ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པོ་དང་ཁུལ་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་ཁོངས་མི་སྡེ་ཚན་གྱི་འགན་འཁུར་པ། ཁུལ་ས་གཤིས་གནོད་འཚེ་འགོག་བཅོས་བཀོད་འདོམས་པུའུ་ཡི་ཁོངས་མི་སྡེ་ཚན་གྱི་འགན་འཁུར་པ་རང་ཁུལ་གྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུ་གྲོལ་རྗེས། དུས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེན་ཆིང་ཧྭ་ཡིས་གནང་བའི་གསུང་བཤད་ཀྱི་སྙིང་དོན་དང་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཀྲའོ་པོས་དེ་མ་ཐག་ཏུ་སྒྲིག་འཛུགས་བྱས་ནས་རང་ཁུལ་གྱི་འབྲུབ་འགོག་གནོད་སེལ་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པར་མ་ཟད་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཁུལ་གནམ་གཤིས་ཅུས་ཀྱིས་ཉེ་དུས་ཆར་ཆུའི་གནས་ཚུལ་ཕྱོགས་ཞིབ་འཇུག་དང་དཔྱད་གཅོད་བྱེད་པ་དང་། ཁུལ་ཆུ་དཔྱད་ཅུས་ཀྱིས་བརྡ་ཁྱབ་བཏང་ནས་ཉེ་དུས་ཆུའི་གནས་ཚུལ་ཕྱོགས་ཞིབ་འཇུག་དང་དཔྱད་གཅོད་བྱེད་པ། རོང་བྲག་དང་ལྕགས་ཟམ། དར་མདོ། རྟའུ། བྲག་འགོ སྡེ་དགེ་སོགས་རྫོང﹙གྲོང་ཁྱེར﹚ཁག་དྲུག་གིས་ཉེ་དུས་ཀྱི་འབྲུབ་འགོག་གནོད་སེལ་གྱི་གནས་ཚུལ་སྙན་སེང་ཞུས་པ་རེད།

    སྙན་སེང་ལ་གསན་རྗེས་ཀྲའོ་པོའི་ནན་གསུང་གནང་དོན། ཁུལ་ཡོངས་ཀྱིས་ཧྲུའུ་ཅི་ཕེན་ཆིང་ཧྭ་ཡིས་འབྲུབ་འགོག་གནོད་སེལ་དང་གནོད་སྐྱོབ་བཅས་ཀྱི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་ལག་བསྟར་མཐའ་གཅིག་ཏུ་བྱ་དགོས་པ་དང་བཀོད་སྒྲིག་དང་བླང་བྱ་ཁག་དོན་འཁྱོལ་བྱ་དགོས་པ་སྟེ། གཅིག་ནི་ལངས་གནས་མཐོ་རུ་བཏང་ནས་འབྲུབ་འགོག་གནད་སེལ་གྱི་ལས་ཀ་ཡག་པོ་སྒྲུབ་དགོས། གཉིས་ནི་འཐེན་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏང་དགོས། གསུམ་ནི་ཉེན་གཡོལ་གནས་སྤོས་བྱས་ནས་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས། བཞི་ནི་གནོད་འགོག་གནོད་སེལ་སྔ་ཙམ་བྱས་ནས་ནང་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ལྔ་ནི་འགན་འཁྲི་ཁ་གསལ་བཟོས་ནས་ལྟ་ཞིབ་དང་ཁྲིད་སྟོན་ནན་པོ་བྱ་དགོས་པ་རེད།

   ཀྲའོ་པོས་ཆར་ཆུ་འབེལ་བའི་དུས་རིམ་ནང་ཏང་སྲིད་རིམ་པ་ཁག་གི་འགན་འཁུར་གཙོ་བོའི་རྩ་དོན་ལས་གནས་དང་བྲལ་མི་ཆོག་པ་དང་ལས་བགོས་འགན་འཁུར་བར་ངེས་པར་དུ་ལས་གནས་སུ་ཡོད་དགོས། ཤང་དང་གྲོང་རྡལ་ཁག་གི་ལས་བྱེད་པ་མང་ཆེ་བ་ལས་གནས་སུ་ལས་དོན་བསྒྲུབས་ནས་སྡོད་དགོས་ཞེས་བླང་བྱ་བཏོན་པ་རེད།། 


  • ལེ་ཚན་སྔོན་མ།:ལྷུག་རྩོམ་འགྲན་བསྡུར་གྱི་བརྡ་སྦྱོར།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་ཆེད་དོན་གྲོས་ཚོགས་འཚོགས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པར་ཁུལ་ཡོངས་ཀྱིས་གལ་ཆེའི་ལས་གཞི་སྐུལ་འདེད་གཏོང་ཚུལ་ལ་གསན་འཇོག་གནང་།
  • དོ་སྣང་ཆེ་བའི་རྩོམ།