ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་ཆེད་དོན་གྲོས་ཚོགས་འཚོགས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པར་ཁུལ་ཡོངས་ཀྱིས་གལ་ཆེའི་ལས་གཞི་སྐུལ་འདེད་གཏོང་ཚུལ་ལ་གསན་འཇོག་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2018-07-23

    སྤྱི་ཟླ7པའི་ཚེས17ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ཏེ་ཆེད་དོན་གྲོས་ཚོགས་འཚོགས་ཏེ《ལོ་ལྔའི་འཆར་གཞི་བཅུ་གསུམ་པར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་འཛུགས་སྐྲུན་ལས་གཞིར་རྒྱབ་སྐྱོར་བྱ་རྒྱུའི་ཇུས་གཞི》ལག་བསྟར་བྱེད་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་བ་དང་ཕྱིན་ཆད་ཀྱི་ལས་དོན་ཐད་བླང་བྱ་བཏོན་པ་རེད།

    ལིའུ་ཁྲེང་མིང་གིས་སྙན་སེང་ལ་གསན་འཇོག་གནང་རྗེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་ཆེན་ཏང་ཨུའི་གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་བྱས་པའི་ས་ཁོངས་འཕེལ་རྒྱས་ཀྱི་ཆགས་ཚུལ་གསར་པ་འཛུགས་སྐྱོང་བྱ་རྒྱུའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནས་ཐིག་འཁེལ་བ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས། ལས་གཞིར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་གི་གཙོ་གནད་ཡོད་སར་ངོས་འཛིན་གསལ་པོ་བྱས་མཐར། དུས་ཐོག་ཏུ་གནད་དོན་དག་ཐེར་བཅོས་སྐྱོང་བྱས་ནས་ལས་གཞི་དོན་ཐོག་འཁྱོལ་བར་སྐུལ་འདེད་ཤུགས་ཆེན་གཏང་དགོས་ཞེས་བླང་བྱ་བཏོན་པ་རེད།

   ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གཅིག་ནི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱ་དགོས་པ་དང་། གཉིས་ནི་ལས་གཞིའི་སྔོན་འགྲོ་ལས་དོན་དམ་འཛིན་ཡག་པོ་བྱ་དགོས། གསུམ་ནི་ཨར་ལས་རྒྱག་དུས་ཡག་ཤོས་ཀྱི་དུས་ཚོད་དམ་འཛིན་བྱ་དགོས། བཞི་ནི་ལས་གཞི་ལས་འགོ་འཛུགས་ཚད་དང་ཚོང་རར་ཞུགས་ཚད། ལས་མཇུག་སྒྲིལ་ཚད་བཅས་མཐོ་རུ་གཏང་དགོས། ལྔ་ནི་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་དགོས་པ་བཅས་རེད།། 


  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ།
  • ལེ་ཚན་རྗེས་མ།:ཆུ་ལོག་གནོད་འགོག་དང་ཉེན་སེལ་མྱུར་སྐྱོབ་ལས་ཀ་ཧུར་ཐག་སྤེལ།
  • དོ་སྣང་ཆེ་བའི་རྩོམ།