ལྷུག་རྩོམ་འགྲན་བསྡུར་གྱི་བརྡ་སྦྱོར།

        2018-07-20

  གུས་ཤིང་བརྩེ་བའི་རྩོམ་པ་པོ་རྣམ་པ་ལགས། 

  དེ་ཡང་ཐོག་མར་ཁམས་པའི་ཚགས་པར་གྱི་མདུན་སྐྱོད་དང་འཕེལ་རྒྱས་ཀྱི་ལོ་ཟླ་རིང་མོའི་བརྒྱུད་རིམ་ཁྲོད་དུ་ཁྱེད་རྣམ་པས་ཐུགས་ཁུར་དང་གཟིགས་སྐྱོང་གནང་བར་བཀའ་དྲིན་བླ་ན་མེད་པར་ཞུ་རྒྱུ་དང་། ཕ་སྐད་མ་ཡིག་གི་འཛིན་སྐྱོང་སྤེལ་གསུམ་ནི་རང་རེ་ཀུན་གྱི་ཕྲག་ཏུ་བབ་པའི་འོས་འགན་ལགས་པས་ཕྱིན་ཆད་ཀྱང་རྣམ་པ་ཚོས་ངེད་ཚགས་པར་ལ་ཐུགས་ཁུར་དང་དགོངས་འཆར་དལ་འགྲོའི་རྒྱུན་བཞིན་གནང་རོགས་གྱིས། 

ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཡིན་ལ། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བའི་ལོ་ཡང་རེད། ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་དང་སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ཀྱི་ཐད་ལ་འཕོ་འགྱུར་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། འཕོ་འགྱུར་འདི་དག་མཚོན་པའི་ཆེད་དུ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་མདོ་དབུས་ཁམས་གསུམ་ལ་ཁ་ཕྱོགས་ཏེ་བོད་ཡིག་ལྷུག་རྩོམ་འགྲན་བསྡུར་བྱ་རྒྱུ་ཡིན། 

 གཅིག  རྩོམ་ལུས་ཐད།  ལྷུག་རྩོམ་ཡིན་དགོས།

 གཉིས། ནང་དོན་གྱི་ཐད། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་ནས་ཕ་ཡུལ་ལ་འཕོ་འགྱུར་བྱུང་ཚུལ་གླེང་བ། (གནས་ཚུལ་ཆུང་ངུ་ལས་གནས་ལུགས་ཆེན་པོ་གོ་རྒྱུ་ཡོད་པ་དང་། གཏམ་རྒྱུད་རང་བཞིན་གྱིས་ཕྱུག་པ། དྲང་བདེན་གྱི་ནུས་པ་འབུར་དུ་ཐོན་པ། ཁ་བྱང་ནང་དོན་ལ་གཞིགས་ཏེ་རང་རང་གིས་དགོད་ཆོག)

 གསུམ།  དུས་ཚོད་ཀྱི་ཐད། 2018ལོའི་ཟླ་བ7པའི་ཚེས18ནས་བརྩམས་ཆོས་བསྡུ་འགོ་ཚུགས་ཏེ་ཟླ་བ9པའི་ཚེས18ཉིན་བསྡུ་མཚམས་གཞག་རྒྱུ་ཡིན། 

 བཞི།   བྱ་དགའི་ཐད། འགྲན་ཞུགས་བརྩམས་ཆོས་རྣམས་ལ་གཞིགས་ནས་ཐག་གཅད་རྒྱུ་ཡིན།  

 ལྔ།   ཡིག་འབྲུ་སྟོང་ཕྲག་ལྔ་ལས་མང་མི་ཆོག་ཅིང་། བརྩམས་ཆོས་ཀྱི་མཇུག་ཏུ་རང་གི་སྡོད་གནས་དང་རུས་མིང་། ཁ་པར་ཨང་གྲངས་བཅས་བོད་རྒྱ་ཡིག་རིགས་གཉིས་ཀྱིས་འབྲི་རོགས།  

 དྲུག  རྩོམ་བསྡུའི་ཡིག་སྒྲོམ།     1974525403

 བདུན།  འབྲེལ་གཏུག་ཁ་པར།    13320799988 


  • ལེ་ཚན་སྔོན་མ།:དགེ་རྒན་རྣམས་ལ་མཚན་མོའི་སློབ་གྲྭ་བཙུགས་ནས་སྦྱོང་བརྡར་བྱས།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ།
  • དོ་སྣང་ཆེ་བའི་རྩོམ།