སྔོན་ཐོན་བཟོ་སྐྲུན་གྱི་ལྡེ་མིག་དམ་པོར་འཛིན། ——ལོ40རིང་གི་ཀྲུང་གོའི་བཟོ་སྐྲུན་ལོ་རྒྱུས་ལ་ཕྱིར་མིག་བལྟས།

        2018-05-30

      སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བ་ནི་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ལེགས་སྒྱུར་རིམ་སྤར་བྱ་རྒྱུའི་ནང་གནས་བླང་བྱ་ཡིན་ལ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བའི་དུས་རིམ་དུ་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཡང་ཡིན་པ་རེད། བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་དང་ལྷག་པར་དུ་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། དེ་ནི་ཐོན་ལས་ཀྱི་མ་ལག་ཆ་ཚང་བ་དང་བཟོ་སྐྲུན་གྱི་རྨང་གཞི་བརྟན་པོ་ཡིན་པ། ལག་རྩལ་གསར་པ་ནང་འདྲེན་བྱེད་ནུས་ཡོད་པའི་རྒྱལ་ནང་གི་ཁྲོམ་ར་ཆེན་པོར་བརྟེན་ནས་ཕན་པ་ཐོབ་པ་ཡིན་ལ། རང་རྒྱལ་གྱིས་སྔོན་ཐོན་གྱི་བཟོ་སྐྲུན་དང་གསར་སྐྲུན་བྱེད་པ་དེ་རྗེས་སྙེགས་བྱ་རྒྱུས་གཙོ་བོ་བྱས་པ་ནས་རྗེས་སྙེགས་ཇེ་མགྱོགས་སུ་བྱས་པར་མ་ཟད། རིམ་བཞིན་ཇེ་མང་དུ་ཕྱིན་ནས་ལག་རྩལ་གསར་པར་སྣེ་ཁྲིད་བྱེད་པའི་སྔོ་གྲས་སུ་ཚུད་པ་རེད། །

སྔོན་ཐོན་བཟོ་སྐྲུན་གྱི་ལྡེ་མིག་དམ་པོར་འཛིན། ——ལོ40རིང་གི་ཀྲུང་གོའི་བཟོ་སྐྲུན་ལོ་རྒྱུས་ལ་ཕྱིར་མིག་བལྟས།


འདི་ནི་མ་ལེ་ཞི་ཡའི་ཀོན་ཏན་གྲུ་ཁའི་ཞིན་ཧྲེང་ཧྲུན་གྲུ་ཁའི་ཆུ་ལོག་འགོག་རགས་རེད། མ་ལེ་ཞི་ཡ་དང་ཀྲུང་གོའི་ཀོན་ཏན་ཐོན་ལས་ལྡུམ་ཁུལ་འཕེལ་རྒྱས་གཏང་རྒྱུས་འདེགས་སྐྱོར་དང་རམ་འདེགས་བརྒྱབ་ཆེད། ལྡུམ་ཁུལ་ནང་འཇུག་པའི་ལས་གཞིར་གྲུ་ཁའི་དངོས་རྫས་འཁུར་རྒྱུག་ཐད་ཀྱི་ཞབས་འདེགས་བཟང་པོ་འདོན་སྤྲོད་བྱེད་ཐུབ་པ་རེད།

སྔོན་ཐོན་བཟོ་སྐྲུན་གྱི་ལྡེ་མིག་དམ་པོར་འཛིན། ——ལོ40རིང་གི་ཀྲུང་གོའི་བཟོ་སྐྲུན་ལོ་རྒྱུས་ལ་ཕྱིར་མིག་བལྟས། 

ཀྲུང་གོའི་འཛུགས་སྐྲུན་ཨར་ལས་སྤྱི་ཁྱབ་སྤྱི་གཉེར་ཁང་གི་ཨར་ཅི་རི་ཡའི་ཡན་ལག་སྤྱི་གཉེར་ཁང་གིས་སྐྲུན་འགན་ཁུར་བའི་ཨར་ཅི་རི་ཡའི་གནམ་གྲུ་འབབ་ཚུགས་གསར་པའི་ལས་གཞི་དེ2014ལོའི་ལོ་མཇུག་ལ་ལས་འགོ་ཚུགས་ཡོད། སྔོན་ཚོད་བྱས་ན2018ལོའི་སྤྱི་ཟླ6པའི་རྗེས་སུ་སྦྲེལ་མཐུད་དུ་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་རེད། གནམ་གྲུ་འབབ་ཚུགས་གསར་པར་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་མཐུན་ཚོགས་ཀྱི་རིམ་པ་དང་པོའི་ཚད་གཞི་ལྟར་བྱས་པ་དང་། ཨར་ལས་མཇུག་བསྒྲིལ་རྗེས་གླིང་ཆེན་ཨ་ཧྥེ་རི་ཁ་བྱང་མའི་འགག་རྩའི་མཁའ་ལམ་དུ་གྱུར་ཐུབ་རྒྱུ་རེད།  འདི་ནི་ཨར་ཅི་རི་ཡའི་རྒྱལ་ས་ཨར་ཅིར་སིའི་གནམ་གྲུ་ཐང་གི་གནམ་གྲུ་འབབ་ཚུགས་ཀྱི་ནང་གི་བཀོད་པ་རེད།

 སྔོན་ཐོན་བཟོ་སྐྲུན་གྱི་ལྡེ་མིག་དམ་པོར་འཛིན། ——ལོ40རིང་གི་ཀྲུང་གོའི་བཟོ་སྐྲུན་ལོ་རྒྱུས་ལ་ཕྱིར་མིག་བལྟས།

 2018ལོའི་ཟླ་བ5པར་རླངས་འཁོར་ཤར་གཏོང་ཐུབ་པའི་ཁར་པོ་ལ་ནས་ཨན་ཏེ་ཕེན་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་སྤྱི་གཉེར་ཁང་གིས་ཇུས་འགོད་བྱས་ཏེ་ཨར་ལས་བརྒྱབ་ཡོད་པ་རེད། འདི་ནི་ཝུ་ཀན་ཏའི་གླ་ཡོན་ལེན་པའི་མྱུར་བགྲོད་གཞུང་ལམ་ཨང་དང་པོ་ཡིན་པ་དང་། ཇུས་འགོད་དང་འཛུགས་སྐྲུན་བྱ་རྒྱུ་ཚང་མས་ཀྲུང་གོའི་ཚད་ལྡན་དང་ཚད་གཞི་ལྟར་ལས་པའི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་པ་རེད། འདི་ནི་ཁར་པོ་ལན་ནས་ཨན་ཏེ་ཕན་བར་གྱི་རྒྱལ་སྤྱའི་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་རེད།

སྔོན་ཐོན་བཟོ་སྐྲུན་གྱི་ལྡེ་མིག་དམ་པོར་འཛིན། ——ལོ40རིང་གི་ཀྲུང་གོའི་བཟོ་སྐྲུན་ལོ་རྒྱུས་ལ་ཕྱིར་མིག་བལྟས། 

མན་ཨའེ་ལན་ཆུ་གློག་ས་ཚུགས་ནི་ཁ་མེ་རོང་ལྷོ་རྒྱུད་ཀྱི་ས་ཁུལ་ཆེན་པོར་ཆགས་ཡོད་ཅིང་། ཀྲུང་གོའི་ཆུ་བེད་ཆུ་གློག་འཛུགས་སྐྲུན་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གིས་སྐྲུན་འགན་ཁུར་བའི་ལས་གཞི་འདིར་མ་དངུལ་ཁྱོན་བསྡོམས་ཨར་སྒོར་དུང་ཕྱུར6.37བཏང་ཡོད། ཆུ་གློག་ས་ཚུགས་ནས་གློག་འདོན་ཐུབ་རྗེས་ཁ་མེ་རོང་གི་གློག་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་ཐུབ་པ་རེད། འདི་ནི་ཁ་མེ་རོང་མན་ཨའེ་ལན་གྱི་ཆུ་གློག་ས་ཚུགས་རེད།

 སྔོན་ཐོན་བཟོ་སྐྲུན་གྱི་ལྡེ་མིག་དམ་པོར་འཛིན། ——ལོ40རིང་གི་ཀྲུང་གོའི་བཟོ་སྐྲུན་ལོ་རྒྱུས་ལ་ཕྱིར་མིག་བལྟས།

 ཀྲུང་གོ་དང་བྷེ་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་གྲོས་གཞི་གནང་སྟེ་བསྐྲུན་པའི་ཀྲུང་གོ་དང་བྷེ་ཨུ་རུ་སུའི་བཟོ་ལས་ལྡུམ་ཁུལ་ནི་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱས་ཏེ་ཐུན་མོང་དུ་དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་ས་རྒྱུད་བསྐྲུན་པའི་དཔེར་མཚོན་ཅན་གྱི་ལས་གཞི་ཞིག་ཡིན་པ་རེད། 2017ལོའི་ལོ་མཇུག་བར་བཟོ་ལས་ལྡུམ་ཁུལ་དེར་ཀྲུང་གོ་དང་། བྷེ་ཨུ་རུ་སུ། ཨུ་རུ་སུ། འཇན་མན། ཨོ་སི་ཁྲུ་རི་ཡ། ལི་ཐུ་ཝན་སོགས་རྒྱལ་ཁབ་ཀྱི་ཁེ་ལས23དེར་ཞུགས་ནས་རིམ་བཞིན་དུ་རྒྱལ་སྤྱིའི་མཉམ་ལས་བྱེད་སའི་ལས་སྟེགས་བཟང་པོ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད། འདི་ནི་ཀྲུང་གོ་དང་བྷེ་ཨུ་རུ་སུ་བཟོ་ལས་ལྡུམ་ཁུལ་གྱི་དཔྱད་གཞིའི་པར་རིས་རེད།

 

ཉེ་ཆར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེ་ལ་ཀྲུང་གོ་རྒྱང་ཐང་གི་མཚོ་ཐོག་སྐྱེལ་འདྲེན་གྲུ་ཁའི་ཚད་ཡོད་སྤྱི་གཉེར་ཁང་གིས་ཀྲུང་གོའི་རྒྱང་ཐང་གི་མཚོ་ཐོག་སྐྱེལ་འདྲེན་གྲུ་ཁའི་ཨང་ཀྲ་པའི་གྲུ་ཁ་དངོས་སུ་སྐྲུན་འགོ་ཚུགས་པ་དང་ས་ཚུགས་བོགས་གཡར་བྱེད་པའི་གན་རྒྱ་བཞག་པའི་མཛད་སྒོ་སྤེལ་བ་རེད། འདི་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ཐུན་མོང་དུ་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ས་རྒྱུད་ཀྱི་ལས་གཞི་ལ་འཕེལ་རིམ་གསར་པ་ཡོད་པ་མཚོན།

 

སྔོན་ཐོན་བཟོ་སྐྲུན་གྱི་ལྡེ་མིག་དམ་པོར་འཛིན། ——ལོ40རིང་གི་ཀྲུང་གོའི་བཟོ་སྐྲུན་ལོ་རྒྱུས་ལ་ཕྱིར་མིག་བལྟས།
ཀྲུང་གོ་དང་མར་ཏི་ཝེ་བར་གྱི་མཛའ་མཐུན་གྱི་ཟམ་ཆེན་ནི2016ལོར་དངོས་སུ་ལས་འགོ་ཚུགས་ཡོད་ཅིང་། ཀྲུང་གོ་དང་མར་ཏི་ཝེ་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་དུ་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ས་རྒྱུད་བསྐྲུན་པའི་མཉམ་ལས་ལས་གཞི་གལ་ཆེན་པོ་ཞིག་རེད། འདི་ནི་མར་ཏི་ཝེར་བཙུགས་པའི་ཀྲུང་གོ་དང་མར་ཏི་ཝེའི་མཛམ་མཐུན་ཟམ་ཆེན་གྱི་ཨར་ལས་བརྒྱག་ཡུལ་རེད།

སྔོན་ཐོན་བཟོ་སྐྲུན་གྱི་ལྡེ་མིག་དམ་པོར་འཛིན། ——ལོ40རིང་གི་ཀྲུང་གོའི་བཟོ་སྐྲུན་ལོ་རྒྱུས་ལ་ཕྱིར་མིག་བལྟས། 

ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཆུ་གློག་ཅུས་བཅོ་ལྔ་པས་སྐྲུན་འགན་ཁུར་བའི་ཝང་མན་གྲོང་ཚོའི་ཕུག་ལམ་ཨང་གཉིས་པ་ནི2017ལོའི་ཟླ་བ12པའི་ཚེས12ཉིན་བདེ་བླག་ངང་རླངས་འཁོར་ཤར་གཏོང་ཐུབ་ནས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལས་གཞི་ཧྲིལ་པོའི་ནང་རླངས་འཁོར་ཤར་གཏོང་ཐུབ་པའི་ཕུག་ལམ་ཨང་དང་པོར་གྱུར་ཡོད། འདི་ནི་ལོ་སིའི་ཝན་ཐེན་ཞིང་ཆེན་གྱི་ཝང་མེ་གྲོང་ཚོའི་ཕུག་ལམ་ཨང་གཉིས་པ་རེད།

  • ལེ་ཚན་སྔོན་མ།:ཀུའུ་ཐི་ལོས་སི་ཡིས་དབྱི་རག་གིས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྟེན་འབྲེལ་ཞུས།
  • ལེ་ཚན་རྗེས་མ།:2018ལོའི་གོ་ལ་ཧྲིལ་པོའི་ཚང་གསོས་དོམ་ཁྲ་མཚེ་མ་ཐོག་མར་སྐྱེས་པ།
  • དོ་སྣང་ཆེ་བའི་རྩོམ།