ཀུའུ་ཐི་ལོས་སི་ཡིས་དབྱི་རག་གིས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྟེན་འབྲེལ་ཞུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-05-15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གསུམ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་རག་གིས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྟེན་འབྲེལ་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལས་དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་རྗེས། དམངས་གཙོའི་འཕེལ་རིམ་འཛུགས་སྐྲུན་བྱེད་པའི་ཐད་ནས་ཀྱང་གྲུབ་འབྲས་བླངས་ཡོད་པ་མཚོན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་དབྱི་རག་གི་ཆབ་སྲིད་མི་སྣ་དང་དེའི་རྒྱབ་སྐྱོར་མཁན་གྱིས་འདེམ་ཤོག་རྩིས་ལེན་བྱེད་སྐབས་ཞི་བདེ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་དབྱི་རག་གི་ཆབ་སྲིད་མི་སྣས་བཅའ་ཁྲིམས་ཀྱི་ཐབས་ལ་བརྟེན་ནས་འདེམ་བསྐོའི་རྩོད་གླེང་ཐག་གཅོད་བྱེད་དགོས་པ་དང་། གང་མགྱོགས་སྒོས་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་རྩ་འཛུགས་བྱེད་དགོས་པའི་སྐུལ་མ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་དབྱི་རག་སྲིད་གཞུང་དང་མི་དམངས་ལ་རོགས་སྐྱོར་བྱེད་འདོད་ཡོད་ཟེར།

དབྱི་རག་གི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཚེས་བཅུ་གཉིས་ཉིན་སྤེལ་བ་རེད། །


  • ལེ་ཚན་སྔོན་མ།:ཆོས་དབྱིངས་སྐྱིད་སོགས་ལུས་རྩལ་པས་རྨད་དུ་བྱུང་བའི་གྲུབ་འབྲས་བླངས།
  • ལེ་ཚན་རྗེས་མ།:སྔོན་ཐོན་བཟོ་སྐྲུན་གྱི་ལྡེ་མིག་དམ་པོར་འཛིན། ——ལོ40རིང་གི་ཀྲུང་གོའི་བཟོ་སྐྲུན་ལོ་རྒྱུས་ལ་ཕྱིར་མིག་བལྟས།
  • དོ་སྣང་ཆེ་བའི་རྩོམ།