གངས་ལྗོངས་དག་པའི་ཞིང་ཁམས།

འདྲུ་བཀྲ་ཤིས་རྒྱལ།        2018-05-18

གངས་དཀར་རི་བོའི་འདབས་རོལ་ན། །

ཆོལ་གསུམ་མཐུན་པའི་མེ་ཏོག་འཛུམ། །

སྐལ་བཟང་ཡར་འགྲོ་ཡར་ཡར་འགྲོ། །

ཆོས་སྲིད་དར་ཞིང་རྒྱས་པར་ཤོག །

སྔོན་བྱོན་མེས་པོའི་ཐུགས་མཚོ་ལས། །

དབྱངས་གསལ་སོ་བཞིའི་དངོས་འགྲུབ་རྙེད། །

ཨེ་མ་མཚར་རོ་ངོ་མཚར་ཆེ། །

ནོར་བུའི་ནོར་ཉམས་ཆོད་པར་ཤོག །

ཨེ་མ་རྨད་དོ་དབྱངས་གསལ་ཟུང་། །

སྤུན་ཟླ་ཀུན་གྱིས་བརྒྱན་པར་ཤོག །

 

ན་ཆུང་བྱིས་པའི་དྲན་རིས་སུ། །

དབྱངས་གསལ་སོ་བཞི་རི་མོར་བརྐོས། །

སྐལ་བཟང་ཡར་འགྲོ་ཡར་ཡར་འགྲོ། །

སྐད་དང་ཡི་གེ་དར་བར་ཤོག །

བོད་ཀྱི་ཕུགས་འདུན་ལམ་དུ་ལྷོང་། །

སྲོལ་རྒྱུན་རིག་གནས་དར་ཞིང་རྒྱས། །

མ་འོངས་ཁ་བ་གངས་རིའི་ལྗོངས། །

འོད་སྟོང་འབར་བའི་དག་ཞིང་སྟེ། །

གཏན་དུ་བདག་གི་ཁྱིམ་གཞིར་སྨོན། །

དུས་མཐའི་བར་དུ་གནས་གྱུར་ཅིག །


  • ལེ་ཚན་སྔོན་མ།:སྐད་འཕྲིན།
  • ལེ་ཚན་རྗེས་མ།:ལེགས་སྐྱེས།