ལིས་ཁི་ཆང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མེས་དང་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་ཙུང་ལི་བར་གྱི་ལོ་འཁོར་ཐུག་འཕྲད་སྤེལ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-02-02

ཟླ་དང་པོའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མེས་དང་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་ཙུང་ལི་བར་གྱི་ལོ་འཁོར་ཐུག་འཕྲད་སྤེལ། པར་འདི་ནི་གྲོས་མོལ་མ་བྱས་གོང་། ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་ཐི་ལོས་ཧྲ་མེས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མེས་དང་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་ཙུང་ལི་བར་གྱི་ལོ་འཁོར་ཐུག་འཕྲད་སྤེལ།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བ་དེ་ལོ་མང་པོའི་རིང་ལ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲས་སུ་བསླེབས་ཡོད། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇི་ལ་ཕན་འབྲས་ལྡན་པའི་ངང་འཚམས་འདྲི་མཛད་དེ། རྒྱལ་ཁབ་གཉིས་ཀྱིས་དུས་རབས་ཉེར་གཅིག་པར་ཁ་ཕྱོགས་པའི་འཛམ་གླིང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་སྒྲོག་བྱས། དེང་སྐབས་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་ཕྱོགས་ཀྱིས་སྔར་ལྟར་དབྱིན་ཇི་དང་། ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་ཡང་ཕན་པར་ཡིད་ཆེས་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་དབྱིན་ཇི་གཉིས་རྒྱལ་ཁབ་རང་འཕེལ་རྒྱས་ཀྱི་གནད་འགག་གི་དུས་སྐབས་སུ་བསླེབས་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་ཁྱད་སྟོབས་ཁ་གསབ་བྱེད་པ་དང་། གཉིས་ཕན་མཉམ་ལས་ཁྱོན་ཡོངས་ནས་སྤེལ་ཏེ། གོ་སྐབས་དམ་འཛིན་བྱས་ནས། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་ནས་མྱུར་དུ་འཕེལ་རྒྱས་དུ་གཏོང་བར་མཉམ་དུ་འབད་བརྩོན་བྱེད་དགོས་པ་སྟེ། གཅིག་ནི་ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། གཉིས་ནི་འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ཏེ། ཕྱོགས་གཉིས་སུ་སྒོ་འབྱེད་པ་རྒྱ་སྐྱེད་དགོས། གསུམ་ནི་ཀྲུང་གོ་དང་དབྱིན་ཇི་བར་གྱི་མི་གཞུང་བརྗེ་རེས་རྣམ་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། ཕྱོགས་གཉིས་ཀྱི་མི་སྣ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་དགོས་པ་བཅས་ཡིན་ཟེར།

ཐི་ལོས་ཧྲ་མེས་ཀྱིས་བཤད་རྒྱུར། ངས་ཐེངས་འདིའི་འཚམས་འདྲི་དང་བསྟུན་ནས་དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་དང་དངུལ་ལོར། ཤེས་བྱའི་ཐོན་དངོས་བདག་དབང་ལ་སྲུང་སྐྱོབ་བྱེད་པ། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་བསམ་འཆར་བརྗེ་རེས་ཟབ་མོ་བྱས། གྲོས་མོལ་མ་བྱས་པའི་སྔོན་ལ་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་ཐི་ལོས་ཧྲ་མེས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར། མཁའ་འགྲུལ། སྒོ་ཁྲལ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ཡིག་ཆ་འགོད་པར་བདེན་དཔང་བྱས།

ཉིན་དེའི་ཕྱི་དྲོར། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས་པར་མ་ཟད་འབྲེལ་ཡོད་གནད་དོན་དྲིས་པར་ལན་བཏབ། །


  • ལེ་ཚན་སྔོན་མ།:ཨར་ཅི་རི་ཡཱ་ཡིས་ཧྥ་རན་སི་ལ་ཉིང་རྡུལ་ཚོད་ལྟའི་སྐྱིན་ཚབ་ཀྱི་ཇུས་གཞི་གསར་བ་འདོན་རྒྱུ་རེད།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་མཉམ་དུ་ལུགས་རྙིང་ལོ་སར་གྱི་བཞུགས་མོལ་ཚོགས་འདུ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།