དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན།(3)

        2010-08-26

ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་དག་པ་ཡིས་རིན་པོ་ཆེའི་སྣམ་བུ་རིན་པོ་ཆེའི་འཚར་བུ་རྣམ་པར་བཀྲ་བ་དང༌།    སྤྱོད་པས་བསྡུས་པ་དྲུག་དང༌།    རྟོགས་པས་བསྡུས་པ་དྲུག   འཕྲིན་ལས་ཀྱིས་བསྡུས་པ་གསུམ།   ཡེ་ཤེས་ཀྱིས་བསྡུས་པ་གསུམ་སྟེ་མ་འདྲེས་པའི་ཆོས་ནི་བཅོ་བརྒྱད་ཀྱི་དག་པས་དོ་ཤལ་དང་དོ་ཤལ་ཕྱེད་པ་དཀྱིལ་འཁོར་གསུམ་པོ་དེ་རྣམས་ལ་ཡོད་པ་ཉིད་དང༌།   དབང་བཅུ་བོ་རྣམས་ཀྱི་དག་པས་ཀྱང་བ་ཀུ་ལི་ཤར་བུ།   དགེ་བ་བཅུ་དག་པས་ཀྲ་མ་ཤིརྵ་སྟེ་མདའ་ཡབ་ཀྱི་ཕྲེང་བ།   རྣམ་ཐར་གྱི་དག་པས་དྲིལ་བུའི་སྒྲ་ནི་རྫོགས་པར་སྒྲོགས་པ།    རྫུ་འཕྲུལ་གྱི་རྐང་བ་བཞི་དག་པས་མདའ་ཡབ་ཀྱི་བར་རྒྱལ་མཚན་སྣ་ཚོགས་པས་གཏམས་ཤིང་དཀྲིགས་པ།   ཡང་དག་སྤོང་བ་བཞི་དག་པས་མེ་ལོང་འོད་རབ་ཏུ་འབར་བ།   བྱང་ཆུབ་ཡན་ལག་བདུན་གྱི་དག་པས་རྔ་ཡབ་སྣ་ཚོགས་གཡོ་བ།    གསུང་རབ་ཡན་ལག་དགུ་ཡིཧ་དག་པས་མེ་ཏོག་གི་ཕྲེང་བ་སྣ་ཚོགས་པས་བརྒྱན་པ།    བསྡུ་བའི་དངོས་པོ་བཞི་བོ་རྣམས་ཀྱི་དག་པས་ནི་གཞལ་ཡས་ཁང་གི་ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན་པ།    བདེན་པ་བཞིའི་དག་པས་རིན་ཆེན་བཞི་རྣམས་ཀྱིས་སྒོ་དང་སྒོ་ཁྱུད་མཚམས་སུ་སྤྲས་པ།   མངོན་ཤེས་ལྔ་ཡི་དག་པས་རྟག་ཏུ་ནི་འོད་ཕྲེང་གི་ཟླུམ་སྐོར་ཆེན་པོ་ལྔ་ཡིས་བསྐོར་པ།    སྐུ་བཞིའི་བདག་ཉིད་རྣམ་པ་ཀུན་མཁྱེན་བྱང་ཆུབ་པ་དག་པས་ཕྱི་རོལ་ཏུ་རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར་པ།    ཟག་མེད་ཀྱི་བདེ་བ་གཅིག་པུའི་རང་བཞིན་བུ་གནས་པ་དག་པས་ལྕགས་རི་ཡིས་བསྐོར་པ་སྟེ།   ཁོར་ཡུག་ཏུ་རྡོ་རྗེའི་ཕྲེང་བ།    ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེའི་མེ་ལྕེ་འབར་བས་བསྐོར་པ།   ཤེས་རབ་དང་ཐབས་གཉིས་ཀྱི་ཆ་ཡི་དག་པས་ནི་ཟླ་བ་ནུབ་བཞིན་པ་དང༌།   ཉི་མ་རྟག་ཏུ་འཆར་བཞིན་པ།    རྡོ་རྗེ་བཞི་དག་པ་ནི་སྐུ་དཀྱིལ་གྱི་རྟ་བབས་ཀྱི་ཆོས་ཀྱི་འཁོར་ལོ་དང༌།    བུམ་པ་ཆེན་པོ་དང༌།   རྔ་བོ་ཆེ་དང༌།    བྱང་ཆུབ་ཀྱི་ཤིང་བཞི།   ཡང་རྡོ་རྗེ་བཞི་བོ་དེ་དག་དག་པ་ནི་བདེ་ཆེན་གྱི་འཁོར་ལོའི་གྲྭ་བཞིར་གནས་པའི་ཡིད་བཞིན་ནོར་བུ་དཔག་བསམ་གྱི་ཤིང༌།       ཆོས་ཀྱི་གཎྜི།    ཆོས་ཀྱི་དུང་རྣམས་ཏེ་དེ་ལྟར་ཤེས་པར་བྱའོ།།  
 
 
༄༅།། ལེ་ཚན་གཞན་དག
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། གཙོ་ངོས།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། གསར་འགྱུར།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། སྲིད་དོན་གསར་འགྱུར།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། རྒྱལ་སྤྱི་གསར་འགྱུར།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། བོད་ཁམས་གསར་འགྱུར།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། པར་རིས་གསར་འགྱུར།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། ཆེད་བསྒྲིགས།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། འུ་ཅག་གི་སེམས་གཏམ།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། གཏམ་གསར་གླིང་ཀ
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། རྒྱལ་སྤྱིའི་སྐབས་དོན་རྒྱས་བཤད།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། ཁྲིམས་ལུགས་དང་སྤྱོད་ལམ།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། ཐད་གཏོང་ལེ་ཚན།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། ༣༧༥ཐད་གཏོང་ཁང་།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། སློབ་རའི་འགྱུར་ཁུགས།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། བཞུད་ལམ།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། བདེ་ཐང་མཛུབ་སྟོན།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན།
དཀྱིལ་འཁོར་གྱི་བྱུང་བ་དང་མཚོན་དོན། སྐབས་དོན།
 
 
 
 

 
 
 
  • ལེ་ཚན་སྔོན་མ།:བཀའ་གདམས་པ།
  • ལེ་ཚན་རྗེས་མ།:རྡོ་རྗེ་དྲིལ་བུའི་བཤད་པ་རྒྱུད་ལུང་དཔང་བཞག་ཅེས་བྱ་བ།
  • དོ་སྣང་ཆེ་བའི་རྩོམ།