མཐོ་སྒང་གི་དལ་བའི་རང་བཞིན་གྱི་རྫ་དུག་ཕོག་པའི་ནད་འབྱུང་སྲིད། མཐོ་སྒང་གི་རྫ་དུག་ཕོག་པའི་ནད་ཀྱི་འབྱུང་རྐྱེན་ལྟར། མཐོ་སྒང་ནས་ལུས་ཟུངས་གསོ་ན་ཐབས་ཆེན་པོ་གསུམ་ཡོད་དེ། གསོ་བ་དང་སྦྱོང་རྡར། སྔོན་འགོག་བཅས་རེད། གསོ་བ་སྟེ། བཟའ་བཏུང་གིས་ལུས་ཟུངས་གསོ་བ་དང་ངལ་གསོ་འོས་འཚམ་བྱ་དགོས། དཀར་ཟས་སྐོར་གྱི་དྲི་བ་དྲིས་ལན་ལས། འབྲུ་རིགས་སྣ་ལྔ་ནི་ལུས་ཟུངས་གསོ་བྱེད་ཡིན་པ་དང་། སིལ་ཏོག་རིགས་ལྔ་ནི་དེ་ཡི་རམ་འདེགས་ཡིན། སྔོ་ཚོད་རིགས་ལྔ་ནི་གང་དེའི་ཁ་གསབ་ཡིན་པས། བྲོ་དང་རིགས་སྣ་འཛོམས་པར་སྤྱད་པ་ན། ལུས་ཟུངས་གསོ་བར་ཕན་ཐོགས་པ་ཡིན་ཞེས་པ་དང་། འོས་འཚམ་གྱིས་ཆུ་ཁོལ་དང་ཇ། འབྲི་མོའི་འོ་མ་སོགས་འཐུང་བ་དང་། སྔོ་ཚོད་དང་སིལ་ཏོག་སྟེ། དཔེར་ན་ཞོག་ཁོག་མངར་མོ་དང་མ་རྨོས་ལོ་ཏོག ཤིང་ཏོག་ངང་ལག སྦྲང་རྩི། ཙོ་རིལ་སོགས་མང་པོ་བཟའ་དགོས། སྦྱོང་རྡར་ཏེ། ཧུར་ཐག་གིས་ལུས་རྩལ་སྦྱོང་རྡར་ནང་ཞུགས་ནས་རང་ཉིད་ཀྱི་བདེ་ཐང་གི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ལུས་ཁམས་ཀྱི་རིམས་ནད་འགོག་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ལུས་རྩལ་འགུལ་སྐྱོད་ནང་ཞུགས་སྐབས། ལུས་ཁམས་ཅུང་འཁྱག་ཏུ་འཇུག་དགོས། ངག་རྒྱུན་དུ་དཀྱིད་ཀར་དྲོས་ཀྱང་གོན་པ་མི་ཕུད་ཅིང་། སྟོན་ཁར་གྲང་ཡང་གོན་པ་མི་སྣོན་པ། ཟེར་བ་ལྟར། དྲོད་ཚད་མར་བབས་ཚེ་གོན་པ་མང་པོ་མི་སྣོན་པ་དང་། ལུས་ཁམས་ལ་རླུང་དང་གྲང་ངར་ངེས་ཅན་འགོག་པའི་ནུས་པ་ཡོད་དུ་འཇུག་དགོས། འགུལ་སྐྱོད་བྱེད་ན་མི་རེ་རེའི་གནས་ཚུལ་དང་བསྟུན་ནས། འཆམ་འཆམ་དུ་འགྲོ་བ་དང་ལྒང་ལི་རྩེ་བ། ལུས་རྩལ་སྦྱོང་བ། དལ་མོར་རྒྱུག་པ་སོགས་བདམས་ཆོགསྔོན་འགོག་སྟེ། འགོ་སླ་བའི་རྒྱུན་མཐོང་ནད་དང་འབྱུང་མང་བའི་ནད་ཁ་ཤས་ཏེ། དཔེར་ན་ཆམ་ནད་དང་གློ་ཡུའི་གཉན་ཚད། ཕོ་བའི་གཉན་ཚད། གྲུམ་ནད་སོགས་ལྟ་བུ་སྔོན་འགོག་བྱ་དགོས། གློ་ཡུའི་ཡན་ལག་གི་གཉན་ཚད་དང་ཕོ་བའི་གཉན་ཚད་བྱུང་མྱོང་བའི་ནད་པ་ཞིག་ཡིན་ཕྱིན་ལུས་པོ་གྲང་དུ་མི་འཇུག་པར་དྲོད་སྲུང་བ་རྒྱུན་འཁྱོངས་བྱས་ནས་ནད་རྙིང་ཡང་བསྐྱར་འཕར་བ་སྔོན་འགོག་བྱ་དགོས། དེ་ལས་གཞན་མཐོ་འཁྱག་ས་ཁུལ་དུ་འཚོ་གནས་བྱེད་བཞིན་པའི་མི་རྣམས་ཀྱིས་ད་དུང་ཡང་དག་པའི་ལུས་ཟུངས་གསོ་བའི་འདུ་ཤེས་འཛུགས་པ་དང་། ཀྲུང་ཧྭའི་གནའ་རབས་ཀྱི་ལུས་ཟུངས་གསོ་ཐབས་ཀྱི་ཉིང་བཅུད་བསྡུ་ལེན་བྱེད་དགོས། དེར་བརྟེན་མཐོ་སྒང་དུ་ལུས་ཟུངས་གསོ་ན་ཐོག་མཐའ་བར་གསུམ་དུ་རྒྱུ་རྐྱེན་གསུམ་སྟེ་དུས་དང་གནས། མི་བཅས་ཀྱི་རྒྱུ་རྐྱེན་གསུམ་རྒྱུན་འཁྱོངས་བྱ་དགོས། ནད་རིགས་གཅིག་ཡིན་ཡང་མི་རེ་རེའི་ནད་རིགས་ཀྱི་འབྱུང་རྐྱེན་གཅིག་འདྲ་མིན་པ་དང་། མི་གཅིག་ཡིན་པའི་དབང་དུ་བཏང་ན་ཡང་། དུས་ཚོད་དམ་གནས་ཡུལ་མི་འདྲ་བ་ནས་ནད་བྱུང་ན། ནད་དེའི་འབྱུང་རྐྱེན་ལའང་མི་འདྲ་ས་ཡོད། འདི་ནི་རྒྱ་ལུགས་གསོ་རིག་གི་དངོས་གཙོ་རྩོད་སྒྲུབ་ཀྱི་ལྟ་ཚུལ་རེད། ཡང་དག་པའི་ལུས་ཟུངས་གསོ་བའི་འདུ་ཤེས་འཛུགས་པ་དང་། སྲོལ་རྒྱུན་གྱི་ལུས་ཟུངས་གསོ་བའི་ཤེས་བྱར་སློབ་སྦྱོང་དང་ཞིབ་འཇུག་ནན་ཏན་བྱེད་པ། མི་རྣམས་ཀྱི་ལུས་ཟུངས་གསོ་བའི་ལག་ལེན་ལ་མཛུབ་སྟོན་ཡང་དག་བྱེད་པ་ནི་མཐོ་སྒང་པའི་ཚེ་རིང་ནད་མེད་དང་ཚེ་སྲོག་གི་ལྗོན་པར་སྐྱེ་སྟོབས་ཀྱིས་ཁེངས་པའི་མན་ངག་ལྟ་བུར་རེད།།