འབྲུག་མོ། 2012-03-14
ནད་མེད་ཚེ་རིང་ནི་འགྲོ་བ་མིའི་ཐུན་མོང་གི་རེ་འདུན་དང་སྙེག་བྱ་རེད། དངོས་པོའི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསམ་པའི་འཚོ་བ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་གྱུར་བ་དང་བསྟུན་ནས། མི་རྣམས་ཀྱིས་རང་ཉིད་བདེ་ཐང་ངང་འཚོ་བར་སྔར་ལས་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་དང་ལུས་ཟུངས་གསོ་བར་ཡང་སྔར་ལས་མཉམ་འཇོག་བྱེད་བཞིན་ཡོད་མོད། ཚང་མས་ཤེས་དགོས་པ་ཞིག་ནི། ཚོད་མ་ཟིན་ན་ཆད་ལྷག་གཉིས་ཀ་འབྱུང་བ་དང་གསོ་ཐབས་མ་འགྲིག་ན་གནོད་པ་ཚབས་ཆེན་འབྱུང་བ་ཡིན། ལུས་ཟུངས་གསོ་ན། ཐོག་མར་རང་ཉིད་ཀྱི་འཚོ་བ་དང་བྱ་བའི་ཁོར་ཡུག་ལ་ཆ་རྒྱུས་ཡོད་དགོས། རང་རྒྱལ་ནི་རི་བོ་མང་ཞིང་མཐོ་སྒང་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མཚོ་ངོས་ལས་མཐོ་ཚད་མུས3000ཡན་ཡོད་པའི་ས་ཁུལ་གྱིས་སྤྱིའི་རྒྱ་ཁྱོན་གྱི་དྲུག་ཆའི་གཅིག་ཟིན་ཡོད། ང་ཚོ་མཚོ་སྔོན་མཐོ་སྒང་དུ་འཚོ་བ་རོལ་བཞིན་པའི་མི་ལ་མཚོན་ན། མཐོ་སྒང་དུ་མཁའ་དབུགས་དཀོན་པ་དང་རླུང་ཁམས་ཆེན་པོའི་གནོན་ཤུགས་དམའ་བ། དབྱང་དབུགས་དཀོན་པས་དབྱང་དབུགས་མི་འདང་བའི་སྣང་ཚུལ་འབྱུང་སླ། སྐབས་དེར་མིའི་ལུས་ཁམས་དེ་དབྱང་དབུགས་དཀོན་པའི་ཁོར་ཡུག་ལ་འཕྲོད་དགོས་པ་དང་། ཁྲག་རྩ་ཕྲ་མོ་དང་ཕུང་གྲུབ་བར་གྱི་དགོས་ངེས་ཀྱི་གནོན་ཤུགས་བར་ཁྱད་རྒྱུན་སྲུང་བྱ་དགོས། ཡིན་ནའང་མི་རེ་རེའི་མཐོ་སྒང་གི་དབྱང་དབུགས་དཀོན་པར་འཕྲོད་པའི་ནུས་པར་ཚད་ངེས་ཅན་ཞིག་ཡོད་པས། དབྱང་དབུགས་དཀོན་དྲགས་པ་དང་དབྱང་དབུགས་དཀོན་པར་ཚོར་སྣང་དལ་བའི་མིར་མཚོན་ན་མི་འཕྲོད་པའི་ནད་རྟགས་འབྱུང་སྲིད་དེ། མཐོ་སྒང་གི་ནད་འབྱུང་སྲིད། མཐོ་སྒང་ལ་འཕྲོད་པའི་མྱུར་ཚད་དང་འཕྲོད་ཚད་ཀྱིས་མཐོ་སྒང་གི་ནད་ཀྱི་བྲེལ་དལ་དང་ནད་ཐོག་གི་ནད་རྟགས་ཐག་བཅད་པ་རེད། དཔེར་ན་དལ་བའི་རང་བཞིན་གྱི་རྫ་དུག་ཕོག་པ་དང་མཐོ་སྒང་གི་ཁྲག་གནོན་རྒྱུན་ལྡན་མིན་པ། མཐོ་སྒང་གི་སྙིང་ནད་སོགས་ལྟ་བུ་རེད། དུས་མཚུངས་སུ་དུས་ཡུན་རིང་པོར་མཐོ་སྒང་དུ་འཚོ་བ་རོལ་བའི་མི་ལ་གཞན་དབང་གི་རྐྱེན་ཞིག་གིས་དབྱང་དབུགས་ལ་འཕྲོད་པའི་ནུས་པ་ཤོར་བ་དང་།
རྩོམ་གསར། 10