བ་མོའི་འོ་མ་འབབ་ཚད་ཇེ་མང་དུ་གཏོང་ཐབས་གསུམ།

    མཚོ་སྔོན་ཚན་རྩལ་ཚགས་པར    2011-12-28

བ་མོའི་འོ་མ་འབབ་ཚད་ཇེ་མང་དུ་གཏོང་ཐབས་གསུམ།
གཅིག ཞིབ་མོར་བཏགས་པའི་སིལ་ཏོག་ཚ་ལུ་མའི་ཤུན་པགས་བསྲེས་པ།

   སིལ་ཏོག་ཚ་ལུ་མའི་ཤུན་པགས་ལ་རླུང་གསོ་བ་དང་ཕོ་བར་བདེ་སྲུང་བྱེད་པ། ཚ་འཇགས་ལུད་སེལ་བྱེད་པ་བཅས་ཀྱི་ནུས་པ་ལྡན་ཞིང༌། གལ་ཏེ་གཟན་ཆས་ནང་དུ་5%ཡི་ཚ་ལུ་མའི་ཤུན་པགས་ཕྱེ་མ་བསྲེས་ཏེ་བླུད་ན། བ་མོའི་ཡི་ག་ཇེ་ཆེར་གཏོང་ཐུབ་པར་མ་ཟད། ད་དུང་ཉིན་རེའི་འོ་མའི་འབབ་ཚད་ཀྱང་སྤྱི་རྒྱ1.5ཡས་མས་ཀྱི་ཇེ་མང་དུ་གཏོང་ཐུབ་པ་རེད།

   གཉིས། ཉི་འཁོར་མེ་ཏོག་གི་འབྲུ་གུ་བསྲེས་པ།

   ཉི་འཁོར་མེ་ཏོག་གི་འབྲུ་གུའི་ནང་དུ་ཕུན་སུམ་ཚོགས་པའི་སྤྲི་དཀར་དང་སྣུམ་ཚིལ་སོགས་འདུས་སྟབས། བ་མོའི་གཟན་ཆས་ནང་ལ་ཉི་འཁོར་མེ་ཏོག་གི་འབྲུ་གུ་15%ནས་20%ཙམ་བསྲེས་ཏེ་བླུད་ན། འོ་མའི་འབབ་ཚད་15%ཡི་ཇེ་མང་དུ་གཏོང་ཐུབ་པ་ཡིན།

   གསུམ། སྡོང་རིང་ཁྲེ་རྒོད་མངར་མོ་སྟེར་བ།

   བ་མོ་རེར་མ་རྨོས་ལོ་ཏོག་སྟེར་བ་ལས་སྡོང་རིང་ཁྲེ་རྒོད་མངར་མོ་བྱིན་ན་འོ་མའི་འབབ་ཚད་སྤྱི་རྒྱ་1ཡས་མས་ཀྱི་ཇེ་མང་དུ་གཏོང་ཐུབ་པའོ། །


 

  • ལེ་ཚན་སྔོན་མ།:ཁྲག་ཤེད་མཐོ་བའི་ནད་པས་རྒྱུན་པར་རང་ཉིད་ཇི་ལྟར་སྙོམས་སྒྲིག་བྱེད་དགོས།
  • ལེ་ཚན་རྗེས་མ།:ཟས་རིགས་ཉོ་སྐབས་མཉམ་འཇོག་བྱེད་དགོས་ས་འགའ།
  • དོ་སྣང་ཆེ་བའི་རྩོམ།