བཟའ་ཚང་ཁ་བྲལ་རྗེས་བུ་ལོན་སུས་འཇལ་དགོས་སམ།

    བོད་ལྗོངས་ཁྲིམས་ལུགས་ཚགས་པར    2011-08-12

གྱོད་དཔེ་དྲངས་ནས་ཁྲིམས་ལུགས་བཤད་པ།

དབྱང་པིན་དང་ལིའུ་ཧུང་གཉིས་ཀ་ཅང་སུའུ་ནས་ཡིན་ཞིང་། 2008ལོར་གཉེན་སྒྲིག་བྱས་རྗེས་ལྷ་སར་བྱ་གཞག་གཏོད་པར་ཡོང་བ་དང་འབད་བརྩོན་བྱས་པ་བརྒྱུད་གསོག་འཇོག་ཕྲན་བུ་བྱུང་བ་དང་ན་ནིང་ཁོ་གཉིས་ཀྱིས་ཚོང་ཁང་ཞིག་འཛུགས་རྒྱུ་ཐག་བཅད་ཀྱང་མ་དངུལ་མ་འདང་བར་བརྟེན་བཟའ་ཚོ་གཉིས་ཀྱིས་དངུལ་བུན་གཡར་ནས་ཇ་ཁང་ཞིག་བཙུགས་པ་དང་ཚོང་བྲིན་ཁ་རྒྱུག་པོ་བྱུང་སྟེ་དངུལ་ཕྲན་བུ་ཡོད་ཀྱང་བརྩེ་དུང་ཞན་དུ་ཕྱིན།

མཐུན་སྦྱོར་ཐེངས་མང་བྱས་རྗེས་དབྱང་པིན་བཟའ་ཚོ་གཉིས་ཀྱིས་རང་མོས་ངང་ཁ་འབྲལ་རྒྱུ་དང་རྒྱུ་ནོར་ཡོངས་རྫོགས་ལིའུ་ཧུང་ལ་བདག་པ་དང་བུ་ལོན་ཡོངས་རྫོགས་ཟླ་བོ་དབྱང་པིན་གྱིས་འཇལ་རྒྱུ་ཁ་ཆད་བྱས་པ་རེད། མི་གཉིས་ཀས་རང་མོས་ངང་བཟའ་ཚང་ཁ་བྲལ་བ་ཡིན། མི་གཞན་དང་འབྲེལ་བ་མེད་ཅེས་བཤད་ཀྱང་བཟའ་ཚང་ཁ་བྲལ་བའི་མི་གཉིས་ཀ་དུས་གཅིག་ཏུ་ཁྲིམས་ལ་སྦྱར་བ་རེད།

དེ་ནི་དབྱང་པིན་དང་ལིའུ་ཧུང་གཉིས་ཀྱིས་བྱ་གཞག་གཏོད་པའི་སྐབས་གྲོགས་པོ་ཝུའུ་དབྱིང་ས་ནས་སྒོར་ཁྲི3གཡར་བ་དེ་སྤྲོད་རྒྱུར་ལུས།ཝུའུ་དབྱིང་གིས་དབྱང་པིན་དང་ལིའུ་ཧུང་གཉིས་ཁ་བྲལ་པ་ཐོས་ནས་རང་ཉིད་ཀྱི་སྒོར་ཁྲི3དེ་ཚུར་ལེན་མི་ཐུབ་པར་སེམས་ཁྲལ་བྱས་ཏེ་ཁོ་གཉིས་ཁྲིམས་ལ་སྦྱར་བ་ཞིག་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་བརྟག་དཔྱད་བྱས་པར་གཞིགས་ན།ཝུའུ་དབྱིང་གིས་ཞུ་གཏུག་བྱས་པའི་སྒོར་ཁྲི3ནི་དབྱང་པིན་དང་ལིའུ་ཧུང་དབར་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་སྐབས་ཐུན་མོང་ཐོག་གཡར་བ་ཞིག་ཡིན་སྟབས་དབྱང་པིན་གྱིས་ཝུའུ་དབྱིང་ལ་སྒོར་ཁྲི3སྤྲོད་དགོས་པ་དང་ལིའུ་ཧུང་གིས་མཉམ་དུ་འགན་འཁུར་དགོས་པའི་ཁྲིམས་ཐག་བཅད་ཡོད་ཅེས་བཤད་པ་རེད།

《གཉེན་སྒྲིག་བཅའ་ཁྲིམས》ནང་བཟའ་ཚོ་གཉིས་ཀ་ཁ་བྲལ་སྐབས་དེ་སྔོན་བཟའ་ཚོ་ཐུན་མོང་ཐོག་འཚོ་བ་སྐྱེལ་བའི་སྐབས་ཟུག་པའི་བུ་ལོན་ཡིན་ན་ཐུན་མོང་ཐོག་འཇལ་དགོས།ཐུན་མོང་གི་རྒྱུ་ནོར་གྱིས་འཇལ་མི་ཐུབ་པའམ་ཡང་ན་རྒྱུ་ནོར་སོ་སོར་བདག་པ་ཞིག་ཡིན་ན་ཕྱོགས་གཉིས་ཀས་གྲོས་མོལ་བྱས་ནས་འཇལ་དགོས། གྲོས་མོལ་བྱེད་མི་ཐུབ་ན་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་གཅོད་དགོས་ཞེས་གཏན་འབེབས་བྱས་ཡོད།

བཅའ་ཁྲིམས་ཀྱི་དྲན་སྐུལ།

《གཉེན་སྒྲིག་བཅའ་ཁྲིམས》ནང“བཟའ་ཚོ་གཉིས་བཟའ་ཚང་ཁ་བྲལ་སྐབས་བཟའ་ཚོ་གཉིས་ཀྱིས་ཐུན་མོང་ཐོག་འཚོ་བ་སྐྱེལ་སྐབས་ཟུག་པའི་བུ་ལོན་ཐུན་མོང་ཐོག་འཇལ་དགོས་པ་དང་། ཐུན་མོང་གི་རྒྱུ་ནོར་གྱིས་བུ་ལོན་འཇལ་ཐབས་བྲལ་བའམ་ཡང་ན་རྒྱུ་ནོར་རང་རང་སོ་སོར་བདག་སྐབས་ཕྱོགས་གཉིས་པོས་གྲོས་མོལ་བྱས་ཏེ་གཙང་འཇལ་བྱེད་དགོས་པ། གྲོས་མོལ་ལམ་ལྷོངས་མ་བྱུང་སྐབས་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་གཅོད་དགོས”ཞེས་གཏན་འཁེལ་བྱས་ཡོད།  །

  • ལེ་ཚན་སྔོན་མ།:སྡོད་ཁང་ཉོ་ཚོང་བྱེད་སྐབས་མཉམ་འཇོག་སའི་ཤེས་བྱ་གཅིག་གཉིས།
  • ལེ་ཚན་རྗེས་མ།:མི་གཞན་གྱི་དངུལ་བུན་ལ་འགན་ལེན་བྱེད་སྐབས་བསམ་བློ་ཞིབ་མོ་གཏོང་དགོས།
  • དོ་སྣང་ཆེ་བའི་རྩོམ།