དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཆོད་དོན།

        2012-06-30

ད་ལོ་ནས་བཟུང་།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་དང་རྒྱ་ཆེ་བའི་ལས་བྱེད་པས་ཁུལ་ཨུའི་ལས་ཀའི་གཙོ་གནད་ལ་དམ་པོ་དམིགས་ཏེ་མང་ཚོགས་ཀྱི་ལས་ཀ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་ནང་ཞུགས་ཡོད་ཅིང་།“དམངས་འཚོའི་ལས་གྲྭ་ཆེན་པོ་གསུམ”དང་།“རོགས་སྐྱོར་བྱེད་སྒོ་ཁག་བཞི”།“གཅེས་སེམས་འབུལ་བའི་བྱེད་སྒོ་ཁག་ལྔ”བཅས་སྤེལ་བར་གཞི་འཛིན་ས་བྱེད་པ་དང་།“གྲོང་ཚོ་དང་ཡུལ་དུ་བཅའ་སྡོད་བྱེད་པ་གཉིས”དང་། “སྡོད་ཆས་ཁུར་ནས་ཁྱིམ་དུད་དུ་སྡོད་པ”།“དགོན་པ་དོ་དམ་བྱེད་སྟངས་གསར་སྐྲུན་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་བར་འགོ་འཛུགས་སར་བྱས་ཏེ་ཞིང་འབྲོག་ས་ཁུལ་དང་དགོན་པར་ཕྱིན་ནས་མང་ཚོགས་དང་ཐད་ཀར་འབྲེལ་བ་དང་ཞབས་ཕྱི་བསྒྲུབས་ཡོད་ཅིང་།  དགོན་པ་སྤྱི་ཚོགས་ཅན་དོ་དམ་བྱེད་པར་གསར་སྐྲུན་བྱས་ཡོད།  “གནས་ཐོག་འཁེལ་བ་གཉིས”ལ་སྐུལ་འདེད་བཏང་ཡོད།  འཕེལ་རྒྱས་མགྱོ གས་པོར་གཏོང་བ་དང་།  དམངས་འཚོ་ལེགས་བཅོས།  འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ཚན་པ་གཅིག་ཐོན་ཡོད་པ་རེད།
སྔོན་ཐོན་ལ་གཟེངས་བསྟོད་དང་དཔེར་སྟོན་སྐྲུན་ཆེད།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དར་མདོ་རྫོང་ལྷ་སྒང་ཤང་ཏང་ཨུ་དང་།  ལྷ་སྒང་ཤང་མི་དམངས་སྲིད་གཞུང་སོགས་སྡེ་ཚན20ལ“ཁུལ་ཡོངས་ཀྱི་མང་ཚོགས་ལས་ཀའི་སྔོན་ཐོན་ཐུན་མོང”གི་མཚན་སྙན་དང་།  ལིའུ་པིང་སོགས་བློ་མཐུན20ལ“ཁུལ་ཡོངས་ཀྱི་མང་ཚོགས་ལས་ཀའི་སྔོན་ཐོན་མི་སྒེར”གྱི་མཚན་སྙན།   འབའ་ཐང་རྫོང་མི་རིགས་ཆོས་ལུགས་ཅུས་སོགས་སྡེ་ཚན10ལ“ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་སྔོན་ཐོན་ཐུན་མོང”གི་མཚན་སྙན།  བསམ་གཏན་སོགས་བློ་མཐུན10ལ“ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་བཅས་གནང་རྒྱུའི་གྲོས་ཐག་བཅད་ཡོད། 
གཟེངས་བསྟོད་ཐོབ་མཁན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་ཁེངས་སྐྱུང་གཟབ་ནན་དང་།  མཚན་སྙན་ལ་གཅེས་སྲུང་།  ཡང་འབད་བསྐྱར་འབད་བྱས་ཏེ་མུ་མཐུད་དེ་མང་ཚོགས་ཀྱི་ལས་ཀ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་ནང་དཔེར་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་མཛེས་སྡུག་ལྡན་པའི་སྐྱེས་ཁམས་དང་འཆམ་མཐུན་ཡིན་ཞིང་བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་བསྐྲུན་པར་འབད་འཐབ་བྱེད་དགོས་པ་དང་།  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཚན་དང་རྒྱ་ཆེ་བའི་ལས་བྱེད་པར་གཟེངས་བསྟོད་ཐོབ་མཁན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱིས་་མིག་དཔེ་ལྟ་ས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙིང་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་།  བསམ་བློ་བཅིངས་འགྲོལ་གཏོང་བ་དང་།  གསར་སྦོལ་མདུན་སྐྱོད།  འབད་འབུངས་ཡར་རྒྱས་བརྩོན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་བྱས་རྗེས་གསར་པ་དེ་བས་ཆེན་པོ་འཇོག་དགོས་ཞེས་རེ་བ་བཏོན་པ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཁུལ་ཡོངས་ཀྱི་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པ་བྱ་ར
  • ལེ་ཚན་རྗེས་མ།: རང་རྒྱལ་གྱིས་བར་སྣང་ནས་སློབ་ཁྲིད་ཐོག་མ་བྱས་པ་ལམ་ལྷོངས་བྱུང་།
  • དོ་སྣང་ཆེ་བའི་རྩོམ།