ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་གྱི་བྱེད་སྒོ་ནང་གི་སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཆོད་དོན།

        2012-06-30

སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་གྱི་བྱེད་སྒོ་སྤེལ་བ་ནས་བཟུང་།རང་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་འགྱུར་བཀོད་སྒྲིག་ལྟར།ཁུལ་ཨུའི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་རྒྱུའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཁ་བྲལ་ལ་ངོ་རྒོལ་དང་།  འཕེལ་རྒྱས་ལ་སྐུལ་འདེད། འཆམ་མཐུན་ལ་སྐུལ་སྤེལ། དམངས་འཚོ་ལེགས་བཅོས།ཏང་གི་འཛུགས་སྐྲུན་སོགས་ཀྱི་ལས་དོན་སོ་སོའི་སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་མིག་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ཚན་པ་ཞིག་ཐོན་ཡོད་པ་རེད།སྔོན་ཐོན་ལ་གཟེངས་བསྟོད་དང་དཔེར་སྟོན་བཙུགས་ནས་སྔར་ལྷག་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་གྱིས་བྱ་བ་སྒྲུབ་ཅིང་གསར་གཏོད་སྤྲོ་སེམས་བསླངས་ནས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་་དང་འཆམ་མཐུན་ཡིན་ཞིང་བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་སྐྲུན་པའི་རླབས་ཆེ་བའི་ལག་ལེན་ཁྲོད་དུ་སླར་ཡང་གཡུར་ཟའི་གྲུབ་འབྲས་སྐྲུན་ཆེད།ཁུལ་ཨུས་དར་མདོ་རྫོང་སྐྱིད་ཐང་ཤང་ཏང་ཨུ་སོགས་གཞི་རིམ་ཏང་རྩ་འཛུགས30ལ“ཁུལ་ཡོངས་ཀྱི་སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་གྱི་བྱེད་སྒོར་ནང་གི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་མཚན་སྙན་དང་།དར་རྒྱས་བསོད་ནམས་སོགས་བློ་མཐུན30ལ“ཁུལ་ཡོངས་ཀྱི་སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་གྱི་བྱེད་སྒོ་ནང་གི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི” མཚན་སྙན་གནང་རྒྱུའི་གྲོས་ཐག་བཅད་པ་རེད།གཟེངས་བསྟོད་ཐོབ་པའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ཚོས་མཚན་སྙན་ལ་གཅེས་སྲུང་བྱས་ནས་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་ང་རྒྱལ་འཚབ་འཚུབ་མེད་པའི་སྲོལ་རྒྱུན་བཟང་པོ་སྲུང་འཛིན་བྱེད་པ་དང་།མུ་མཐུད་ནས་རང་གནས་ཀྱི་ལས་རྐང་ཐོག་གྲུབ་འབྲས་གསར་སྐྲུན་དང་། གདོང་ལེན་པ་དང་མིག་དཔེ་བྱས་ནས་དེ་བས་སྲ་བརྟན་གྱི་ཏང་གཤིས་དང་།དེ་བས་དངོས་དོན་གཉེར་བའི་སྤྱོད་ཚུལ།དེ་བས་དཔའ་ངར་ཆེ་བའི་སེམས་ཤུགས་བཅས་ལ་བརྟེན་ནས་བཅོས་བསྒྱུར་སྒོ་ཕྱེ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་བྱས་རྗེས་གསར་པ་འཇོག་པར་སྐུལ་འདེད་གཏོང་དགོས།ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ཚོས་གཟེངས་བསྟོད་ཐོབ་པའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་མིག་དཔེ་ལྟ་ས་བྱས་ནས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་དང་།ཤུགས་ཆེན་པོས་ཏང་གི་སྲིད་དབང་འཛིན་ནུས་དང་སྔོན་ཐོན་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།སྔར་ལྷག་གིས་བསམ་བློ་བཅིངས་འགྲོལ་དང་། སྙིང་སྟོབས་ཆེར་བསྐྱེད། དངོས་སྒྲུབ་བདེན་བཟུང་། སྔོན་ཐོན་གསར་སྐྲུན། ཕུལ་བྱུང་བརྩོན་ལེན་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་བྱས་རྗེས་གསར་པ་དེ་བས་ཆེན་པོའི་འཇོག་དགོས་ཞེས་རེ་བ་བཏོན་པ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་སྐབས་བཅུ་པའི་ཚང་འཛོམས༼རྒྱས་འཛོམས།༽གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཁུལ་ཡོངས་ཀྱི་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པ་བྱ་ར
  • དོ་སྣང་ཆེ་བའི་རྩོམ།