སྲིད་གཞུང་གི་ལས་དོན་སྙན་ཞུ །5(2)

        2011-03-24


ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་གིས་ཇེ་བཟང་དུ་གཏོང་རྒྱུ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་གོམ་སྟབས་ཇེ་མགྱོ གས་སུ་བཏང་ནས། ཐོན་ལས་གཞན་བསྒྱུར་རིམ་སྤོར་བྱ་དགོས། གཅིག་ནས་བཟོ་སྐྲུན་ལས་རིགས་ལེགས་བཅོས་རིམ་སྤོར་བྱ་རྒྱུ། ཁེ་ལས་ཀྱི་ལག་རྩལ་ལེགས་བཅོས་བྱེད་ཤུགས་དེ་གཙོ་བོ་ཐོན་རྫས་གསར་པ་གསར་གཏོད་བྱེད་ནུས་དང་ཐོན་རྫས་གྲགས་ཅན་གསར་གཏོད་བྱེད་ནུས། ནུས་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་པའི་ཆུ་ཚད་དང་ལག་རྩལ་གྱི་གྲུབ་ཆ་འདུས་གྲུབ་ཀྱི་ཆུ་ཚད། ཐོན་རྫས་ཀྱི་སྤུས་ཚད། ལག་རྩལ་གྱི་གྲུབ་ཆ། ཞོར་ཐོན་རིན་ཐང་བཅས་ཇེ་མཐོར་གཏོང་དགོས།
ལས་རིགས་གཙོ་ཆེའི་ཁེ་ལས་རྣམས་ས་ཁུལ་ལས་བརྒལ་ཏེ་ཟླ་སྒྲིལ་གཏོང་བར་སྐུལ་འདེད་བྱ་དགོས་པ་དང་། ཐོན་ནུས་རྗེས་ལུས་ཅན་ཕྱིར་འཐེན་བྱེད་པའི་རྐྱེན་སྲོལ་དང་དེ་འབྲེལ་གྱི་གཞོགས་འདེགས་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། གཉིས་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྤེལ་གྱི་གོམ་སྟབས་ཇེ་མགྱོ གས་སུ་གཏོང་རྒྱུ། དུས་རབས་གསར་པའི་བརྡ་འཕྲིན་ལག་རྩལ་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས། ནུས་ཆེ་གཤོང་ཆེའི་འཕྲིན་དྲ་གསར་སྐྲུན་དང“དྲ་གསུམ་མཉམ་འདྲེས”མངོན་གྲུབ་བྱེད་ཚད་མགྱོ གས་སུ་བཏང་སྟེ། དངོས་ཟོག་འཕྲིན་དྲ་དཔེ་སྟོན་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་བྱ་རྒྱུ། ནུས་སྲི་ཁམས་གཙང་། ནུས་ཁུངས་གསར་པ། སྐྱེ་དངོས། སྒྲིག་ཆས་སྤུས་ལེགས་གསར་བཟོ། རྒྱུ་ཆ་གསར་པ། ནུས་གསར་རླངས་འཁོར་ལ་སོགས་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བྱ་རྒྱུ། ཚད་གཞི་གཏན་ལ་འདེབས་རྒྱུ་དམ་འཛིན་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། ཚན་རྩལ་ཅན་གྱི་ཁེ་ལས་ཆུང་འབྲིང་གི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཐོན་སྐྱེད་བྱེད་ནུས་དང་གཙོ་གནད་འགན་ནུས་མགྱོ གས་མྱུར་ངང་ཆགས་པར་བྱ་རྒྱུ།
གསུམ་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཇེ་མགྱོ གས་དང་། འཚོ་བའི་རང་བཞིན་ལྡན་པའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ། མཉེན་ཆས་ཐོན་ལས་འཕེལ་རྒྱས་དང་རིམ་པ་སྤོར་བ་ཤུགས་སྣོན་རྒྱག་རྒྱུ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་ཕན་པའི་ཚོང་རའི་མཐུན་རྐྱེན་ལེགས་པར་སྐྲུན་རྒྱུ་དང་།ཞབས་ཞུའི་ལས་རིགས་འཕེལ་བ་བྱེད་པའི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་གོམ་སྟབས་ཇེ་མགྱོ གས་སུ་གཏོང་རྒྱུ། བསྔགས་སྐུལ་བྱ་ཡུལ་ཞབས་ཞུའི་ལས་རིགས་ལ་གློག་ཆུ་རླངས་དྲོད་བཞི་སྤྱོད་པའི་གོང་ཚད་བཟོ་ལས་ཀྱི་གོང་ཚད་དང་རྩ་བའི་ཐོག་འདྲ་མཉམ་ཡོང་བར་བྱ་རྒྱུ། བཞི་ནས་དེང་རབས་ཀྱི་ནུས་ཁུངས་ཐོན་ལས་དང་ཕྱོགས་བསྡུས་དབོར་འདྲེན་མ་ལག་འཛུགས་པའི་གོམ་སྟབས་མགྱོ གས་སུ་གཏོང་རྒྱུ། ནུས་ཁུངས་ཐོན་སྐྱེད་དང་བེད་སྤྱོད་བྱེད་སྟངས་བསྒྱུར་གང་ཐུབ་བྱས་ཏེ་ནུས་ཁུངས་སྤྱོད་ཚད་ལེགས་སུ་གཏོང་དགོས། སྲོལ་རྒྱུན་གྱི་ནུས་ཁུངས་གཙང་མར་སྤྱོད་པར་སྐུལ་འདེད་བྱས་ནས། རིག་ལྡན་གློག་དྲ་འཛུགས་ཤུགས་ཆེ་རུ་གཏོང་རྒྱུ་དང་། ནུས་ཁུངས་གཙང་མ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། གཅིག་གྱུར་གྱིས་འཕེལ་རྒྱས་གཏོང་བ་དང་།སྟབས་བདེར་བརྟེན་ཞིང་ཕན་ནུས་ཆེ་བའི་ཕྱོགས་བསྡུ་དབོར་འདྲེན་མ་ལག་ཁྱོན་ཡོངས་ནས་འཕེལ་རྒྱས་དང་མགྱོ གས་མྱུར་ངང་འཛུགས་དགོས། སྐམ་མཚོ་གཉིས་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱས་ནས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས།
ས་ཁོངས་མཐུན་སྦྱོར་ངང་འཕེལ་བར་སྐུལ་འདེད་བཏང་ནས་ས་ཁོངས་འཕེལ་རྒྱས་གཏོང་བའི་འཆར་འགོད་ཁྱོན་ཡོངས་ནས་དོན་འཁྱོར་བྱ་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དེ་ས་ཁོངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གཙོ་བོའི་གྲལ་འགོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས། ནུབ་རྒྱུད་གསར་སྤེལ་ཆེན་པོའི་ལོ་གསར་པ་བཅུའི་སྲིད་ཇུས་དང་བྱེད་ཐབས། བོད་ལྗོངས་དང་ཞིན་ཅང་ལ་སོགས་པའི་ས་ཁུལ་ཁག་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་གཏོང་ཐབས་ཁག་དོན་འཁྱོར་ནན་ཏན་བྱ་དགོས། བྱང་ཤར་ས་ཁུལ་ལ་སོགས་པའི་བཟོ་ལས་རྟེན་གཞི་ཪྙིང་པ་རྣམས་ཁྱོན་ཡོངས་ནས་དར་སྤེལ་བཏང་ནས། ཐོན་ཁུངས་ཅན་གྱི་གྲོང་ཁྱེར་ལ་བསྒྱུར་བར་མུ་མཐུད་སྐུལ་འདེད་བྱ་རྒྱུ། དབུས་རྒྱུད་ས་ཁུལ་དར་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེན་བྱས་ནས། ཤར་འབྲེལ་ནུབ་མཐུད་ཀྱི་ས་ཁོངས་བཟང་ཆ་འདོན་སྤེལ་གང་ལེགས་བྱ་རྒྱུ། ཤར་རྒྱུད་ས་ཁུལ་སྔོན་ལ་འཕེལ་རྒྱས་བཏང་ནས།སྒྲོག་སྲོལ་རྐྱེན་སྲོལ་གསར་གཏོད་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་རྒྱབ་སྐྱོར་ཧུར་ཐག་བྱ་དགོས། ཧྲེན་ཀྲེན་སོགས་པའི་དཔལ་འབྱོར་དམིགས་བསལ་ཁུལ་དང་།ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་ཁུལ། ཐན་ཅིན་པིན་ཧའེ་གསར་སྤེལ་ཁུལ་བཅས་ཀྱིས་བསྒྱུར་བཅོས་སྒོ་འབྱེད་རིང་སྔོན་བསྐྱོད་ཚོད་ལྟ་བྱེད་པའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱ་དགོས། གསར་བརྗེའི་གནས་ཪྙིང་ཁུལ་དང་།
  • ལེ་ཚན་སྔོན་མ།:སྲིད་གཞུང་གི་ལས་དོན་སྙན་ཞུ།4
  • ལེ་ཚན་རྗེས་མ།:སྲིད་གཞུང་གི་ལས་དོན་སྙན་ཞུ །6
  • དོ་སྣང་ཆེ་བའི་རྩོམ།