ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་(2)

        2011-02-22

གཉིས་ནི་མཆོང་རྒལ་ལྟ་བུའི་འཕེལ་རྒྱས་ལ་ཞབས་ཞུ་བྱས་པ།གྲོས་མོལ་ལྟ་སྐུལ་དང་རྒྱབ་སྐྱོར་ཞབས་ཞུ་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།རྒྱུན་དུས་ཀྱི་རྒྱུན་ཨུའི་གྲོས་ཚོགས་ཐོག་ལ་ཆེད་དོན་ཞིག་གདམས་ནས་གྲོས་མོལ་བྱས་པ།ཐེངས་བཅུ་གཅིག་པའི་རྒྱུན་ཨུའི་གྲོས་ཚོགས་ཀྱིས་དཀར་མཛེས་བོད་ཁུལ་གྱི་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་བྱེད་རྒྱུའི་བརྗོད་བྱ་གཙོ་བོར་དམིགས་ནས་ཐབས་འདོན་ཇུས་འབུལ་དང་ལས་འགན་སྒྲུབ་པ།ལས་རིགས་སོ་སོའི་རྒྱུན་ལས་ཨུ་ཡོན་གྱིས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་དམ་འཛིན་བྱས་ནས་སེམས་ཤུགས་ཅི་ཡོད་འདོན་པ་དང་།བསམ་བློ་གཏིང་ཟབ་བཏང་ནས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ལ་གཞི་བཟུང་ནས་།མཆོང་བརྒལ་འཕེལ་རྒྱས་འཕེལ་རྒྱས་དང་།དམངས་འཚོ་དང་ཐོག་ཁེ་ཕན་མཉམ་རོལ།ས་ཁོངས་མཉམ་འབྲེལ་གྱི་དུས་སྐབས་ལས་དོན་གྱི་བསམ་ཕྱོགས་ལ་གཏན་འཛུགས་བྱས་ནས།གཏམ་བཤད་ཀྱི་དཔྱད་ཡིག་༢༡བྲིས་ཡོད།ལྟ་ཕྱོགས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་ཐད་ནས་ཆེད་དོན་གྱི་ཐབས་འདོན་ཇུས་འབུལ་བྱས་ཏེ་དཀར་མཛེས་བོད་ཁུལ་དཔལ་འབྱོར་འཕེལ་རྒྱས་ཡོང་ཐབས་ཐད་ཀྱི་ཁ་སྒྱུར་བ་ལྔ་མངོན་འགྱུར་བྱེད་དགོས་པའི་སྐོར་དང་།སྐྱེ་དངོས་གུན་གསབ་ནས་རྐྱེན་འཛུགས་པ་དང་།འཐུས་ཚང་དུ་གཏོང་བ།སྐྱེ་དངོས་བདེ་འཇགས་དང་ས་ཁུལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་སྐྲུན་སྐུལ་འདེད་གཏོང་བའི་སྐོར་སོགས་ཀྱི་ཐབས་འདོན་ཇུས་འབུལ་བྱས་ཡོད།ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་དོན་མཁས་པ་གདན་ནས་།དཀར་མཛེས་བོད་ཁུལ་མཆོང་རྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་གཏོང་བའི་སྐོར་གྱི་ཆེད་དོན་འཆད་ཁྲིད་གནང་སྟེ།མིག་རྒྱ་ཇེ་ཆེ་དང་།ངོས་འཛིན་མཐོར་འདེགས་བྱེད་པ་།ཁུལ་དང་རྫོང་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་སྐུལ་སློང་བྱས་ནས།འཕེལ་རྒྱས་དང་བརྟན་བརླིང་།དམངས་འཚོ་བཅས་བརྗོད་བྱ་གཙོ་བོ་གསུམ་གྱི་ལས་དོན་དམ་འཛིན་བྱས་ནས།ལས་དོན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་།ནན་ཏན་གྱིས་ལས་འགན་སྒྲུབ་པ།མཆོང་རྒལ་ལྟ་བུའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ།ཐེངས་་བཅུ་གཉིས་པའི་རྒྱུན་ཨུའི་གྲོས་ཚོགས་ཀྱིས་ཁུལ་ཨུས་འདོན་པའི་ནུབ་རྒྱུད་ཀྱི་ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་འདུ་འགག་འཛུགས་སྐྲུན་བྱེད་རྒྱུ་གཙོ་གནད་བྱེད་ཅིང་།འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སྐུལ་འདེད་ལ་ཤུགས་སྣོན་རྒྱག་ནས་བཞི་གཞུང་བཞི་འཕྲེད་ལྔ་འབྲེལ་དང་འདུའ་འགག་གསུམ་གྱི་འཛུགས་སྐྲུན་བྱེད་པ་ལ།བགྲོད་བདེའི་ཨར་ལས་དང་གྲོང་གསེབ་ཏུ་བགྲོད་པའི་གཞུང་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་བ།ཞིང་སྡེའི་གཞུང་ལམ་དྲ་ཚིགས་མ་ལག་མགྱོགས་སུ་ཆགས་པའི་གལ་ཆེ་བའི་འཐབ་ཇུས་བཀོད་སྒྲིག་ལ་ཐབས་འདོན་ཇུས་འབུལ་བྱས་ནས།བསམ་འཆར་དང་གྲོས་འགོ་༧༠ལྷག་ཙམ་འདོན་པ།ཆེས་མཐོན་པོ་རིམ་པ་དང་ཆེས་ཆེ་བའི་ཁྱབ་ཁོངས་འོག་ཏུ་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གྱི་འཕེལ་རྒྱས་ཆེན་པོ་ལ་བློ་རིག་གིས་རྒྱབ་སྐྱོར་བྱས་པ།ཐེངས་བཅུ་གསུམ་པའི་རྒྱུན་ཨུའི་གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་ཞིང་ལས་སྐོར་གྱི་གནད་དོན་གསུམ་གྱི་ལས་དོན་དང་དམངས་འཚོའི་ལས་གྲྭ་སོགས་དོན་གྲོས་ཀྱི་ནང་དོན་ནང་དུ་འཇོག་སྟེ།ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཞིང་ལས་དང་ཞིང་སྡེའི་ལས་དོན་གནས་ཚུལ་བརྡ་ཁྱབ་གཏོང་བའི་སྐོར་ལ་ཉན་པ།ཞིང་ལས་ནུས་འཕེལ་དང་།ཞིང་སྡེ་འཕེལ་རྒྱས།ཞིང་འབྲོག་མི་དམངས་ཀྱི་ཡོང་སྒོ་འཕེལ་སྣོན་སྐུལ་འདེད་གཏོང་བར་དམ་འཛིན་བྱས་ནས་སྲིད་གླེང་ཇུས་འབུལ་བྱས།ཞིང་པའི་གནད་དོན་གསུམ་གྱི་ལས་དོན་སྐོར་ལ་བསམ་འཆར་དང་གྲོས་འགོ་༡༣༠ལྷག་ཙམ་འབུལ་བ།མི་གཙོ་བོར་བྱེད་པའི་སྙིང་དོན་གྱི་འདུ་ཤེས་དང་དམངས་འཚོ་དོ་སྣང་ལག་ལེན་བྱེད་པའི་བླང་བྱ་དེ།ལས་འགན་སྒྲུབ་པའི་ནང་དུ་འཇོག་ཅིང་།གྲོས་དམངས་ཀྱི་ཆེད་དུ་བརྗོད་པ་དང་།ཇུས་དམངས་ཀྱི་ཆེད་དུ་འབུལ།དོན་དམངས་ཀྱི་ཆེད་དུ་བསྒྲུབ་པ་བཅས་བྱས་པ་ཡིན།
     གསུམ་ནི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ལ་ཞབས་ཞུ་བྱས་པ།བརྟག་དཔྱད་ཞིབ་འཇུག་ཟབ་སྤེལ་དང་།སྔོན་དཔག་གྲོས་འདོན་གཞི་བཟུང་བྱས་ནས།སྔོན་རྗེས་སུ་《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་སྐོར་གྱི་གྲོས་འགོ་དང་《སྲིད་གཞུང་ལས་དོན་སྐོར་སྙན་ཞུ》སོགས་ལ་གྲོས་མོལ་དང་གྲོས་བསྡུར་བྱས་ཡོད།དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ཤེས་བཅོས་བསྒྱུར་དང་གོམ་རིམ་གསུམ་སྤོས་ཞེས་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྐུལ་འདེད་བྱེད་པ་སོགས་ཀྱི་བསམ་འཆར་དང་གྲོས་འགོ་འདྲ་མིན་ཁག་༥༩འདོན་པ་དང་།མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།ཧུར་ཐག་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཆེད་དོན་གྲོས་མོལ་དང་སྲིད་འདྲི་གྲོས་འདོན་ནང་དུ་ཞུགས་ནས་བསམ་འཆར་དང་གྲོས་ཚོགས་འགོ་མང་པོ་རང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་ནང་དུ་འཇོག་ནས་ཚན་རིག་གིས་ལོ་ལྔའི་འཆར་འགོད་བཅུ་གཉིས་རྩོམ་སྒྲིག་བྱེད་པ་ལ་གལ་ཆེ་བའི་དཔྱད་གཞི་འདོན་སྤྲོད་བྱས་ཡོད།      གསུམ།ལྟེ་གནས་དམ་འཛིན་དང་ཁྱོན་ཡོངས་ཞབས་ཞུ་བྱས་ནས་དམངས་གཙོ་ལྟ་སྐུལ་གྱི་ནུས་པ་ཇེ་ཐོན་དུ་བྱུང་བ།     ལོ་གཅིག་གི་རིང་།ང་ཚོས་ཐོག་མཐའ་བར་གསུམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་སྲིད་གྲོས་ཀྱིས་དམངས་གཙོ་ལྟ་སྐུལ་ལག་ལེན་བསྟར་བའི་གལ་ཆེ་བའི་ཐབས་ཤེས་བྱས་པ།ཏང་སྲིད་ཀྱི་ཐུགས་ཁུར་དེ་ང་ཚོས་སེམས་ཁུར་བྱས་པ་དང་།ཏང་སྲིད་ཀྱི་ཅི་དགོས་དེ་ང་ཚོས་རོགས་བྱས་པ།སྲིད་གྲོས་ཀྱི་ནུས་པ་ཅི་ཡོད་འདོན་ནས།མུ་མཐུད་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་དང་ཐབས་ཤེས་ལེགས་སྒྲིག་གསར་གཏོད་བྱེད་པ།་བརྗོད་བྱ་གདམ་ག་ཡང་དག་པ་དང་།ལག་ལེན་བསྟར་རྒྱུ་ཞིབ་ཅིང་ཕྲ་བ།ཐབས་འདོན་ཇུས་འབུལ་ཕུལ་དུ་བྱུང་བ་བྱས་ནས་ཧུར་ཐག་གིས་མཆོང་རྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་ནུས་པ་འདོན་པ།      གནད་འགག་དམ་འཛིན་དང་།བྱ་གཞག་ཁག་སོ་སོ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ།གོ་སྐབས་དམ་འཛིན་དང་གནོན་ཤུགས་རང་སྣོན།བབ་བསྟུན་ལས་སྒྲུབ་།ལེགས་ཤིང་མགྱོགས་པོའི་སྒོ་འཕེལ་རྒྱས་འགྲོ་བའི་ལས་དོན་དམ་འཛིན་བྱེད་པ།འགྲིམ་འགྲུལ་འཛུགས་སྐྲུན་དང་ཞིང་འབྲོག་མི་ཡོང་སྒོ་འཕར་སྣོན་བྱེད་པའི་ཡུན་རིང་གོ་ཆོད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་གཏོང་བ།འབྲོག་མིའི་གཞིས་ཆགས་བྱེད་སྒོ་འཆར་འགོད་ལག་ལེན་བསྟར་ཚུལ་།ལོ་དགུའི་འོས་འགན་སློབ་གསོ་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་སྣོན་པའི་སློབ་ཡོན་མི་དགོས་པའི་འཆར་གཞི།བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་སྐོར་སོགས་ཏང་སྲིད་སྡེ་ཁག་གིས་མཐོང་ཆེན་དང་མི་དམངས་མང་ཚོགས་ཀྱིས་ཐུགས་ཁུར་ཆེ་བའི་གལ་ཆེན་གྱི་གནད་དོན་སོགས་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་བྱས་ཡོད།འགྲིམ་འགྲུལ་འཛུགས་སྐྲུན་གྱི་འཕེལ་རྒྱས་ཆེན་པོ་སྐུལ་འདེད་བྱེད་པ།ལས་རིགས་ཁག་སོ་སོས་ཤེས་ལྡན་མི་སྣའི་དགེ་མཚན་འདོན་སྤེལ་བྱེད་པ།ཨུ་ཡོན་དང་ཆེད་ལས་མཁས་པ་རྩ་འཛུགས་བྱས་ནས།འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཐད་ལ་བརྟག་དཔྱད་ཞིབ་འཇུག་ཟབ་ཏུ་སྤེལ་ནས།དཀར་མཛེས་བོད་ཁུལ་འགྲིམ་འགྲུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་སྐོར་གྱི་བརྟག་དཔྱད་སྙན་ཞུ་བྲིས་ཏེ།ལས་ཤོས་ཆེན་པོ་དང་འགོ་འཛུགས་སར་མཐོན་པོ།ཚན་རིག་གིས་ལོ་ལྔའི་འཆར་འགོད་བཅུ་གཉིས་ནང་གི་འགྲིམ་འགྲུལ་དཔེ་རིས་འགོད་པ།རྣམ་གྲངས་མ་སྒྲུབ་སྔོན་གྱི་ལས་དོན་སྒྲུབ་ཚད་མགྱོགས་སུ་གཏོང་བ་དང་རྣམ་གྲངས་གསོག་འཇོག་ལེགས་སྒྲུབ།ཁྲོན་བོད་ལྕགས་ལམ་དང་།གཡག་ཁམས་མྱུར་བགྲོད་གཞུང་ལམ།ཉི་སྟེང་གནམ་གྲུ་ཐང་།དཀར་མཛེས་གནམ་གྲུ་ཐང་འཛུགས་སྐྲུན་མགྱོགས་སུ་གཏོང་བ་སོགས་ཀྱི་བསམ་འཆར་དང་ཐབས་འདོན་ཇུས་འབུལ་འདོན་ནས།ཏའོ་ཕིང་ཧྲུའུ་ཅི་ཡིས་སྙན་ཞུ་འདི་ལ་གལ་ཆེ་བའི་མཆན་བཀོད་འགོད་དེ།སྙན་ཞུ་འདི་ཡིས་རང་ཁུལ་འགྲིམ་འགྲུལ་འཛུགས་སྐྲུན་ཐད་ཀྱི་གནད་དོན་སོགས་གསལ་པོ་སྟོན་ཡོད་པ་དང་།གྲོས་འགོ་ཡག་པོ་འདོན་ཡོད་པས་བསྡུ་ལེན་བྱེད་དགོས་ཞེས་གསུངས་ཡོད།ཞིང་སྡེ་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ།ཀྲུང་དབྱང་དང་ཞིང་ཆེན་གི་བོད་ཁུལ་ལས་དོན་བཞུགས་མོལ་ཚོགས་འདུའི་སྙིང་དོན་དོན་འཁྱོལ་ཟབ་སྤེལ་བྱེད་ཆེད།གོམ་གསུམ་སྤོ་བའི་འཕེལ་རྒྱས་འཐབ་ཇུས་སྐུལ་འདེད་ཏན་ཏིག་དང་།ཞིང་འབྲོག་མིའི་ཡོང་སྒོ་འཕར་སྣོན་ལ་ཡུན་རིང་གོ་ཆོད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་གཏོང་བའི་སྐོར་གྱི་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་ནས།བརྟག་དཔྱད་ཞིབ་འཇུག་གི་དཔྱད་ཡིག་འབོར་ཆེན་ལ་ཞིབ་ཚགས་ཀྱི་ཁག་དབྱེ་དང་།ཕྱོགས་བསྡུས་ལེགས་སྒྲིག་བྱས་ནས་མཐའ་ཐུག་ཞིང་འབྲོག་མིའི་ཡོང་སྒོ་འཕར་སྣོན་བྱེད་པར་ཡུན་རིང་གོ་ཆོད་པའི་ནང་རྐྱེན་སྐོར་གྱི་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་བྲིས་པ།ཞིང་འབྲོག་མིའི་ཡོང་སྒོ་འཕར་སྣོན་ལ་ཚོད་འཛིན་བྱེད་པའི་གནད་དོན་༦ཕྱོགས་བསྡུས་བྱས་ཏེ།སྲིད་ཇུས་དམ་འཛིན་དང་ཡོང་སྒོ་འཕར་སྣོན་སྐུལ་འདེད།རྣམ་གྲངས་དམ་འཛིན་དང་ཡོང་སྒོ་འཕར་སྣོན་སྐུལ་འདེད།ཐོན་ལས་དམ་འཛིན་དང་ཡོང་སྒོ་འཕར་སྣོན་སྐུལ་འདེད་སོགས་ཐབས་ཇུས་དང་ཐབས་ཤེས་སྣེ་༡༠འདོན་ནས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚན་རིག་གིས་ཇུས་འགོད་བྱེད་རྒྱུ་ལ་ཁུངས་ལུང་དང་དཔྱད་གཞི་བཏོན་ཡོད།བོད་ཁུལ་དམངས་འཚོའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ།ཏང་སྲིད་ཀྱི་ལྟེ་བའི་ལས་དོན་བྱས་ནས་རང་ཤུགས་ཀྱིས་དམངས་འཚོ་མཐོང་ཆེན་བྱས་པ།ལས་སྒྲུབ་ཚོ་ཆུང་རྩ་འཛུགས་བྱས་ནས།གཞི་རིམ་དུ་ཟབ་ཞུགས་བྱས་པ།འབྲོག་མིའི་གཞིས་ཆགས་བྱེད་སྒོའི་འཆར་གཞི་ལག་ལེན་བསྟར་ཚུལ་སྐོར་ལ་ཆེད་དོན་གྱིས་བརྟག་དཔྱད་ཞིབ་འཇུག་བྱས་ནས།ལས་ཁུངས་མི་སྣ་བཀོད་སྒྲིག་དང་བདེ་འཇགས་ལས་དོན་དོ་དམ་ལ་ཤུགས་སྣོན་རྒྱག་ཅིང་།གཞིས་ཆགས་ལས་གཞི་སྐུལ་འདེད་ཏན་ཏིག་བྱེད་པའི་སྐོར་དང་།ཧུར་ཐག་གིས་སྲིད་ཇུས་ཀྱིས་རོགས་སྐྱོར་བརྩོན་ལེན་དང་།ནོར་ཤུགས་གཏོང་འཇོག་ཆེ་རུ་གཏོང་བ་སོགས་ཀྱི་བསམ་འཆར་དང་ཐབས་འདོན་ཇུས་འབུལ་འདོན་ཡོད།འབྲོག་མིའི་གཞིས་ཆགས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།བརྟག་དཔྱད་ཞིབ་འཇུག་གི་ཚོ་ཆུང་རྩ་འཛུགས་བྱས་ནས།དར་མདོ་དང་འབའ་ཐང་སོགས་རྫོང་ཁག་༦ལ་ཟབ་ཞུགས་བྱས་ནས།ལོ་དགུའི་འོས་འགན་སློབ་གསོ་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་སྣོན་པའི་སློབ་ཡོན་མི་དགོས་པའི་འཆར་གཞི་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་ཟབ་ཏུ་སྤེལ་ཏེ།སློབ་གྲྭའི་དོ་དམ་ལ་ཤུགས་སྣོན་རྒྱག་ཅིང་།སློབ་གསོའི་སྤུས་ཚད་མཐོར་འདེགས།མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བ་སོགས་ཀྱི་བསམ་འཆར་དང་གྲོས་འགོ་འདོན་ཡོད།འཕེལ་རྒྱས་བྱེད་སྟངས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་དང་།དཔལ་འབྱོར་འཕེལ་རྒྱས་བྱེད་སྟངས་བསྒྱུར་བཅོས་ལ་བསྐུལ་འདེད་གཏོང་བ།ཐོན་ཁུངས་བསྲི་ཚགས་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།དཀར་མཛེས་ཁུལ་གྱི་ཐན་ཉུང་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་སྐོར་གྱི་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ཏན་ཏིག་སྤེལ་བ།ཐན་ཉུང་བའི་དཔའ་འབྱོར་འཕེལ་རྒྱས་གཏོང་བའི་རྩ་བའི་བསམ་ཕྱོགས་ལྔ་འདོན་ནས།རང་ཁུལ་ཐན་ཉུང་བའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ལ་ཐབས་འདོན་ཇུས་འགོད་བྱས་ཡོད།བོད་ཀྱི་སྐད་ཡིག་རྒྱུད་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ནན་ཏན་གྱིས་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་ཡི་གེ་བེད་སྤྱོད་སྲོལ་ཡིག》ལག་ལེན་མཐར་ཕྱིན་བྱས་ནས།ཁུལ་ཡོངས་ཀྱི་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་ཚུལ་ལ་རྗེས་འདེད་ཀྱི་བརྟག་དཔྱད་ཞིབ་འཇུག་བྱས་ཏེ།ནུས་ཤུགས་ཆེ་སྒྲིམ་གྱིས་རང་ཁུལ་གྱི་གཞི་རིམ་དུ་རྒྱ་བོད་སྐད་ཡིག་གཉིས་ཤེས་པའི་ལས་བྱེད་པ་དཀོན་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐོར་དང་།སློབ་ན་སོན་པའི་བྱིས་པས་རྒྱ་བོད་སྐད་ཡིག་སྦྱོང་རྒྱུ་ལེགས་འཛིན་ཏན་ཏིག་བྱེད་པའི་སྐོར་སོགས་ཀྱི་ཐད་ལ་ཐབས་འདོན་ཇུས་འབུལ་བྱས་ཡོད།ཆོས་ལུགས་ལས་དོན་དོ་དམ་སྐུལ་འདེད་བྱེད་པ།ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་ལག་ལེན་བསྟར་ནས།མཐུན་སྦྱོར་ཅན་གྱི་དགོན་པ་དང་ཆོས་ཁང་འཛུགས་པ་དང་།སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་སྐོར་གྱི་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་ནས།རང་ཁུལ་ཆོས་ལུགས་ལས་དོན་གྱི་གནད་དོན་ལ་དམིགས་ཏེ།ཏང་གི་ཆོས་ལུགས་བྱེད་ཕྱོགས་སྲིད་ཇུས་དང་《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་གྲོས་འགོ་འདོན་ནས།སྤྱི་ཚོགས་མཐུན་སྦྱོར་དང་བདེ་འཇགས་སྲུང་སྐྱོང་བྱས་པ།     མཉམ་ལས་དམ་འཛིན་བྱས་ནས་ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་སྐུལ་འདེད་གཏོང་བ།     སྲིད་གྲོས་ཀྱི་ཤེས་ལྡན་མི་སྣ་མང་བ་དང་།བློ་རིག་འདུས་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས།རང་ཤུགས་ཀྱིས་མཉམ་ལས་བརྟག་དཔྱད་ཞིབ་འཇུག་བྱས་པ།ཞིང་ཆེན་སྲིད་གྲོས་དང་གཞོགས་འདེགས་བྱས་ནས།སྔོན་རྗེས་སུ་བོད་ཁུལ་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་གཏོང་བའི་སྐོར་དང་།བོད་ཁུལ་ལོ་དགུའི་འོས་འགན་སློབ་གསོ་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་སྣོན་པའི་སློབ་ཡོན་མི་དགོས་པའི་འཆར་གཞི་ལག་ལེན་བསྟར་ཚུལ།གཟར་ཞིང་ཤིང་ནགས་སུ་བསྒྱུར་བའི་སྲིད་ཇུས་ལག་ལེན་བསྟར་ཚུལ།རང་རེའི་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་བཅའ་ཁྲིམས་ལས་རིགས་རུ་ཁག་འཛུགས་སྐྲུན་གནས་ཚུལ་སྐོར་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ།རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།ཆེས་དམིགས་བསལ་ཅན་གྱི་བསམ་འཆར་དང་གྲོས་འགོ་༡༢༠ལྷག་ཙམ་འབུལ་ནས།ཞིང་ཆེན་སྲིད་གྲོས་ཀྱི་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་འབྲི་བ་དང་གྲུབ་འབྲས་བསྒྱུར་བ་ལ་ཧུར་ཐག་གི་ཕན་ནུས་འདོན་སྤེལ་བྱས་ཡོད།     བཞི།སྤྱི་ཚུལ་ཡར་འབུལ་དང་དམངས་འཚོ་དོ་སྣང་བྱས་སྟེ་སྲིད་ཞུགས་སྲིད་གླེང་གི་ཕན་འབྲས་མངོན་དུ་ཇེ་གསལ་ཡོང་བ།     ང་ཚོས་དམངས་འཚོ་དོ་སྣང་དང་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་གནད་བྱས་ནས།ཧུར་ཐག་གིས་སྲིད་ཞུགས་སྲིད་གླེང་གི་གོ་ཆོད་པའི་བྱེད་སྟངས་འཚོལ་ཞིབ་བྱེད་པ།གྲོས་གཞི་དང་།གཟིགས་ཞིབ།ཐད་ཀ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཐབས་ཤེས་སྤྱོད་དེ།སྤྱི་ཚུལ་རྒྱུས་ལོན་བྱས་པ་དང་།དམངས་འདོད་ཡར་ཞུ་བྱས་ནས།མང་ཚོགས་ཀྱིས་ཆེས་སེམས་ཁུར་དང་ཆེས་ཐད་ཀའི་དོན་དགཆེས་དངོས་ཕན་གྱི་དོན་གནད་དོན་ཏུ་འཁྱོལ་བར་བྱས་པ།གཅིག་ནི་གྲོས་གཞི་ལེགས་སྒྲུབ་བྱས་ནས།མི་དམངས་ལ་ཁེ་ཕན་འཚོལ་བ་དང་དོན་དངོས་ལག་འཁྱོལ་བྱས་པ།དཔལ་འབྱོར་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་ཀྱི་དོན་ཚན་ཆེན་པོ་ལ་དམིགས་ནས་གྲོས་གཞི་བསྡུ་ལེན་དང་།ཞིབ་བཤེར།ཐོ་འགོད།སྒྲུབ་རྒྱུར་ལྟ་སྐུལ།རྗེས་འདེད་ཕྱིར་ལན་སོགས་ཀྱི་ལས་དོན་ལེགས་འཛིན་ལ་ཤུགས་གཏད་པ།ཨུ་ཡོན་གྱི་གྲོས་གཞི་སྒྲུབ་པ་དང་།དོན་འཁྱོལ་རྒྱུ་སྐུལ་འདེད་གཏོང་བ།སྐབས་བཅུ་གཅིག་པ་ཐེངས་གསུམ་པའི་གྲོས་ཚོགས་འཚོགས་ནས་བཟུང་།ཨུ་ཡོན་གྱི་གྲོས་གཞི་༡༤༣འབྱོར་བ་དང་ཞིབ་བཤེར་ཐོ་འགོད་བྱས་པ་༡༣༡ཡོད།གྲོས་གཞི་སྒྲུབ་པའི་ལས་དོན་ནང་དུ།སྒྲུབ་མཁན་གྱི་ལས་ཁུངས་སོ་སོས་ནན་ཏན་གྱིས་གྲོས་གཞི་སྒྲུབ་པའི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འབྱོལ་བྱས་པ་དང་།ལས་ཁུངས་ཀྱི་འགོ་ཁྲིད་གཙོ་བོས་འགན་གཙོ་བོ་ཁུར་བ་དང་།སྐུ་ངོ་མས་སྒྲུབ་རྒྱུ་ལ་ལྟ་སྐུལ་བྱས་པ་དང་།སྐུ་ངོ་མས་ཞིབ་བཤེར་གཏན་འབེབས་བྱས་ནས།ཁྱོན་ཡོངས་ཀྱི་རང་བཞིན་དང་།དོན་དངོས་ཀྱི་རང་བཞིན།སྤྱི་ཁྱབ་ཀྱི་རང་བཞིན་ཡོད་པའི་གནད་དོན་དེ་གཙོ་གནད་བྱས་ནས།གྲོས་གཞི་སྒྲུབ་པའི་སྤུས་ཚད་དང་སྒྲུབ་པའི་ཕན་ནུས་སྔ་ལས་ལྷག་པའི་མཐོར་འདེགས་བྱས།དམངས་འཚོའི་གནད་དོན་ཐག་གཅོད་བྱེད་རྒྱུ་ལ་སྐུལ་འདེད་བཏང་ཡོད།སྔོན་དཔག་གི་རང་བཞིན་དང་གལ་ཆེ་བའི་རང་བཞིན་ཡོད་པའི་གནད་དོན་དམ་འཛིན།ཧུར་ཐག་གིས་གྲོས་གཞི་ཡར་ཞུ་རྒྱུ་རྩ་འཛུགས་བྱས།རྒྱལ་ཡོངས་སྲིད་གྲོས་ལ་གྲོས་གཞི་༡༠དང་།ཞིང་ཆེན་སྲིད་གྲོས་ལ་གྲོས་གཞི་༡༢ཞུ་ཡོད།དེའི་ནང་དུ་《རྒྱལ་ཁབ་ཀྱིས་དཀར་མཛེས་ཁུལ་དང་བོད་ལྗོངས་འདྲ་མཉམ་ཡིན་པའི་དབུལ་སྐྱོར་སྲིད་ཇུས་ཐོབ་ཐང་ཐག་གཅོད་བྱེད་རོགས་ཞུ་བའི་སྐོར་གྱི་གྲོས་གཞི》དང་《ཞིང་འབྲོག་ཁུལ་སྡོད་དམངས་ཀྱི་ཆེས་མ་མཐའི་འཚོ་བའི་འགན་་ལེན་གུན་གསབ་ཆུ་ཚད་མཐོར་འདེགས་བྱེད་པའི་སྐོར་གྱི་གྲོས་གཞི》སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་མཐོན་པོ་ཐོབ་ནས་ལས་དོན་འཆར་གཞིའི་ནང་དུ་འཇོག་ཡོད།གྲོས་གཞི་འདི་དག་སྒྲུབ་པ་དང་དོན་འཁྱོལ་བྱས་ནས་ཞིང་འབྲོག་མི་དམངས་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་དམངས་དོན་དམངས་ཕན་གྱི་སྲིད་ཇུས་ཀྱི་ཉི་འོད་ཁྱབ་ཐུབ་ཡོད།     གཉིས་ནི་གཟིགས་ཞིབ་ལེགས་སྒྲུབ་དང་།གཞུང་དྲང་སྲུང་སྐྱོང་བདེན་གཏན་བཤད་པ།ཁྲིམས་སྤྱོང་ཁོར་ཡུག་བཟང་པོ་ནི་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན་པ་དང་།དྲང་གཞན་དྲང་བདེན་སྲུང་སྐྱོང་དང་།སྤྱི་ཚོགས་མཐུན་སྦྱོར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡང་ཡིན།ཁུལ་སྲིད་གྲོས་ཀྱིས་ཞིང་ཆེན་དང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་རྩ་འཛུགས་བྱས་ནས།ཁུལ་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་འགན་ནུས་སྒྲུབ་པ་དང་།བཅའ་ཁྲིམས་ལྟ་སྐུལ་བྱེད་རྒྱུ།གོ་གནས་བྱས་ཉེས་ཞིབ་བཤེར་ཆད་བཅད་བྱས་པ་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་གྱི་གཟིགས་ཞིབ་བྱས་ནས།ལས་དོན་ངོ་སྤྲོད་ལ་ཉན་ཞིང་།དོན་དངོས་རྒྱུས་ལོན་བྱས་ཏེ་གཟིགས་ཞིབ་སྙན་ཞུ་བྲིས་ཡོད།ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་འཛིན་བྱེད་སྒོ་སྔ་ལས་ཚད་མཐུན་དང་།གྲོས་གཞི་སྒྲུབ་པའི་སྤུས་ཚད་མཐོར་འདེགས་བྱེད་རྒྱུ་ལ་ཧུར་ཐག་གི་སྐུལ་འདེད་ཕན་ནུས་ཐེབས་ཡོད།
     གསུམ་ནི་དམངས་འཚོ་ཐུགས་ཁུར་དང་།མི་དམངས་ཀྱི་དཀའ་ངལ་རོགས་སྐྱོར་བྱེད་རྒྱུ་ལ་བྱ་ཐབས་དངོས་སུ་སྤྱོད་པ།དམངས་འཚོའི་འགག་རྩ་དམ་འཛིན་དང་།དམངས་འཚོའི་རེ་བ་ཞུ་གཏུག་དམ་འཛིན་བྱས་ནས།དགོས་མཁོ་ལ་བསྟུན་ནས་མི་དམངས་ཀྱི་ཆེད་དུ་གྲོས་འདོན་དང་།དོན་དངོས་ལ་དམིགས་ནས་མི་དམངས་ལ་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་པ།དབུལ་སྐྱོར་གྱི་ལས་དོན་ཆེན་པོ་བརྒྱད་དང་ཟུང་འབྲེལ་བྱས་ནས།མང་ཚོགས་ཀྱིས་བྲེལ་བ་ཡོད་པ་དང་རེ་སྒུག་ཡོད་པའི་དོན་དངོས་ཀྱི་གནད་དོན་གདམས་ག་བྱས་ནས་རིགས་མཐུན་རོགས་སྐྱོར་བྱས་པ།འགོ་ཁྲིད་ཀྱིས་གནས་ཡུལ་ཁག་ལེན།ལས་ཁུངས་ཀྱིས་གྲོང་སྡེ་འགན་ལེན།ལས་བྱེད་པས་དུད་ཚང་རོགས་རམ་བྱེད་པའི་བྱེད་སྒོའི་ལག་ལེན་བསྟར་བའི་འཆར་གཞི་འགོད་པ།རང་ཤུགས་ཀྱིས་རོགས་སྐྱོར་བྱེད་པའི་རྫོང་ཁང་དང་ཤང་།གྲོང་སྡེ་དང་འབྲེལ་བ་བྱས་ནས།གནས་ཚུལ་བརྟག་དཔྱད་དང་ཤེས་རྟོགས་བྱས་ཏེ།ཧུར་ཐག་གིས་བསམ་འཆར་བསྡུ་ལེན་དང་།རོགས་སྐྱོར་བྱེད་པའི་ཐབས་ཤེས་གྲོས་མོལ་དང་ཞིབ་འཇུག་བྱས།ཆེད་བསྐོས་མི་སྣ་དོན་འཁྱོལ་བྱས་ནས་གནས་ཡུལ་ཁག་ལེན་དང་རོགས་སྐྱོར་བྱས་པ།ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ།རང་ཤུགས་ཀྱིས་རོགས་སྐྱོར་བྱེད་པའི་གྲོང་སྡེ་ལ་ཐབས་ཤེས་དང་བློ་འདོན་ནས།དཀའ་ངལ་དངོས་ཐག་གཅོད་བྱས་ཡོད།སྔོན་སྐྲུན་ལེགས་བརྩོན་གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཆེད་བསྐོས་མི་སྣ་རྩ་འཛུགས་བྱས་ཏེ།འབྲོག་མིའི་གཞིས་ཆགས་གནས་ཡུལ་དུ་ཐེངས་མང་བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ཏེ།འཛུགས་སྐྲུན་རོགས་རམ་གྱི་བྱེད་ཐབས་ཤུགས་སྣོན་རྒྱག་པ་དང་།རོགས་སྐྱོར་གྱི་མ་དངུལ་དོན་ཐོག་འཁྱོལ་བ།གཅིག་གིས་གཅིག་ལ་ཁ་གཏད་ནས་འཛུགས་སྐྲུན་རོགས་རམ་སྤེལ་བ།རྒྱ་ཆེ་བའི་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་སྐུལ་སློང་སྤེལ་ནས།མཚོ་སྔོན་གྱི་སྐྱེ་རྒུ་དང་ཀན་སུའུ་ཡི་འབྲུག་ཆུ།རང་ཁུལ་གྱི་སེར་ཤུལ་ས་འགུལ་དང་།རྡོ་རུད་ཀྱི་གནོད་སྐྱོན་ཐེབས་པའི་ས་ཁུལ་ལ་སྒོར་མོ(སྲིད་གྲོས་ལས་ཁུངས་རྐྱང་པས་སྒོར་མོ་ཁྲི༣ལྷག་ཙམ་དང་།དུས་མཚུངས་སུ་ཞིང་ཆེན་སྲིད་གྲོས་ནས་སེར་ཤུལ་སོགས་ཀྱི་རྫོང་ལ་ས་འགུལ་ཉེན་འགོག་གི་མ་དངུལ་ཁྲི༣༠༠ལོན་ཡོད)དང་དངོས་རྫས་འབུལ་ཡོད།།མི་དམངས་ཀྱི་དཀའ་ངལ་ཐག་གཅོད་བྱེད་རྒྱུ་བྱ་སྤྱོད་དངོས་སུ་དོན་འཁྱོལ་བྱས་ཡོད།
  • ལེ་ཚན་སྔོན་མ།:བསམ་པ་གཅིག་མཐུན་གྱིས་དཀའ་སྤྱད་འབད་བརྩོན་བྱས་ན་དོན་དག་ངང་ནས་འགྲུབ་ཡོང་གསུངས།
  • ལེ་ཚན་རྗེས་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་
  • དོ་སྣང་ཆེ་བའི་རྩོམ།