བསམ་པ་གཅིག་མཐུན་གྱིས་དཀའ་སྤྱད་འབད་བརྩོན་བྱས་ན་དོན་དག་ངང་ནས་འགྲུབ་ཡོང་གསུངས།

མིག་དམར་དང་བདེ་ཆེན། ཀུན་དགའ་བཅས་ཀྱིས་གནས་ཚུལ་བཀོད།        2011-01-17

ཉིན་འདི་དག་གི་རིང་ལ། དཀར་མཛེས་ཁུལ་སྐབས་བཅུ་པའི་དམངས་ཆེན་རྒྱུན་ཨུའི་གྲོས་ཚོགས་ཐེངས་བཞི་པའི་ནང་ཞུགས་པའི་འཐུས་མི་རྣམས་ཀྱིས་ཁུལ་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ལ་གཞིགས་ནས་གྲོས་ཞིབ་བྱས་པ་རེད།
     འཐུས་མི་རྣམས་ཀྱིས་བཤད་རྒྱུར། “ཞིང་ལས་སྐོར་གྱི་གནད་དོན་གསུམ”གྱི་ལས་ཀ་དེ་ལས་ཀ་ཚང་མའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་ཞིང་ལས་ཀྱི་རྨང་གཞི་དེ་བས་བརྟན་པོ་དང་། ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་མགྱོ གས་པོ་བྱུང་བ། 2010ལོའི་ཞིང་ལས་ཚན་རྩལ་གྱི་བྱས་རྗེས་བཞག་ཚད་བརྒྱ་ཆ44དང་། ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་ཚད་བརྒྱ་ཆ26། འབྲུ་རིགས་ཐོན་ཚད་ཏུན་ཁྲི20། ཤ་རིགས་ཐོན་ཚད་ཏུན་ཁྲི9།འོ་མའི་ཐོན་ཚད་ཏུན ་ཁྲི12། ཕྱུགས་ཟོག་བཤས་ཚོང་བྱེད་ཚད་དང་ཚོང་ཟོག་ཏུ་འགྱུར་ཚད་སོ་སོ་བརྒྱ་ཆ25དང་བརྒྱ་ཆ17ཐོག་སླེབས་ཡོད། ཐོན་ལས་དང་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར27.30ཐོག་སླེབས་ཡོད་པས། ལོ་ལྔའི་འཆར་གཞི་བཅུ་པའི་མཇུག་ཏུ་བསླེབས་ཚེ་བརྒྱ་ཆ154འཕར་ཡོད་པ་མ་ཚད་ཞིང་སྡེའི་སྡོད་ཁང་མེད་པའི་གནད་དོན་ཐག་གཅོད་དང་ཉེན་ལྡན་ཁང་པ་ལེགས་བཅོས་བྱ་རྒྱུ་བཅས་ཀྱི་ལས་གྲྭ་ལག་བསྟར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི63173ལ་ཕན་ཐོགས་ཡོད། འབྲོག་པའི་གཞིས་ཆགས་ས389དང་དེའི་སྒྲིག་སྦྱོར་སྤྱོད་ཆས་ཆ་ཚང་བསྐྲུན་ནས་འབྲོག་པ་དུད་ཚང30073སྡོད་ཁང་གསར་པའི་ནང་སྤོས་ཏེ་བདེ་སྐྱིད་ཀྱི་འཚོ་བ་དངོས་སུ་མྱོང་ཐུབ་པ་ནི་མིག་མཐོང་ལག་ཟིན་ཡིན་ལ། ཞིང་འབྲོག་མང་ཚོགས་རྣམས་ཀྱིས་ཀྱང་མཐེ་བོང་མགོ་ལ་བསྒྲེངས་ཏེ་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཚད་མེད་ཞུ་གིན་ཡོད་ཅིང་ང་ཚོ་འཐུས་མི་རྣམ་པས་ཀྱང་བཀའ་དྲིན་ཞུ་རྒྱུ་དང་མུ་མཐུད་ནས་རྒྱབ་སྐྱོར་དང་རོགས་རམ་མཛད་རོགས་ཞུ་རྒྱུ་ཡིན།
      ཡང་འཐུས་མི་ལ་ལས་བཤད་རྒྱུར། ཆོས་ལུགས་ལས་དོན་ཐད“གཞི་རྩ་གསུམ”དང“གནད་ཐོག་འཁེལ་བ་གཉིས”ཀྱི་བླང་བྱ་ལྟར་ཆོས་ལུགས་ལས་དོན་དོ་དམ་སྐོར་ཀྱི“བསམ་འཆར་གཅིག”དང“ལམ་ལུགས་དྲུག”གཏན་འབེབས་བྱས་ཡོད། དགོན་པར“ལྔ་ཤར་གཏོང”གི་ལས་གྲྭ་ལག་བསྟར་དང་དེང་རབས་ཀྱི་རིག་གནས་གྲོང་སློབ་དགོན་གསུམ་ལ་སྐྱེལ་བའི་བྱེད་སྒོ་སྤེལ་བ། གྲྭ་བཙུན11387མ་མཐའི་འཚོ་རྟེན་འགན་སྲུང་དང་འགན་ལེན་ལྔ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ཁྱབ་ཁོངས་ནང་བཞག་ཡོད་པས་ང་ ཚོ་གྲྭ་བཙུན་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཆོག་པ་དང་མི་སེར་རྣམས་ལ་སེམས་བཟང་དོན་བཟང་གིས་བྱ་བ་བསྒྲུབ་རྒྱུ། མི་རིགས་ལ་རྒྱ་འཛིན་རྒྱུ། མེས་རྒྱལ་འཛུགས་སྐྲུན་བྱ་རྒྱུ། འཛམ་གླིང་ཞི་བདེ་ཡོང་བ་བཅས་ལ་འབད་དགོས་པ་མ་ཟད་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་འཆམ་མཐུན་མཉམ་གནས་བྱས་ན་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་པ་སོགས་ཀྱི་སློབ་གསོ་དང་གནས་ལུགས་བཤད་ཡོད་པས་མི་དམངས་ལའང་གོ་རྟོགས་ཆེན་པོ་བྱུང་སྟེ་རང་ལུས་ཀྱི་ཁྲག་དང་རྔུལ་ཆུ་ལ་བརྟེན་ནས་འབྱོར་འབྲིང་གི་སྤྱི་ཚོགས་སུ་བསྐྱོད་པའི་འདུ་ཤེས་བཅངས་ཡོད། གོང་རིམ་གྱིས་ང་ཚོར་མུ་མཐུད་ནས་རོགས་རམ་དང་ཡིད་ཆེས་གནང་དང་། ང་ཚོས་སེམས་པ་གཅིག་མཐུན་དང་དཀའ་སྡུག་མཉམ་སེལ།   དཀའ་སྤྱད་འབད་བརྩོན་བྱས་ན་མི་འགྲུབ་པའི་བྱ་བ་མེད་པས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱལ་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བར་ཡིད་ཆེས་དང་གདེང་ཚོད་ཡོད།
  • ལེ་ཚན་སྔོན་མ།:ཐབས་བརྒྱ་ཇུས་སྟོང་གིས་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་ཐབས་ལམ་འཚོལ་དགོས།
  • ལེ་ཚན་རྗེས་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་
  • དོ་སྣང་ཆེ་བའི་རྩོམ།