རྟེན་འབྲེལ་ཞུ་བའི་གློག་འཕྲིན།

        2010-10-29

སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་དང་།ཞིང་ཆེན་མི་དམངས་སྲིད་གཞུང་བརྒྱུད་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་དང་།ཁུལ་དམངས་སྲིད་གཞུང་ལ་འབུལ་རྒྱུར།
སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དབུ་བཪྙེས་ནས་ལོ60འཁོར་བའི་སྐབས་དང་བསྟུན་ནས་ཁྱོད་ཚོ་དང་ཁྱོད་ཚོ་བརྒྱུད་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས།ཁུལ་དུ་བཅའ་སྡོད་བྱེད་མཁན་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་།དྲག་ཆས་ཉེན་རྟོག་དཔོན་དམག  སྤྱི་བདེ་ཉེན་རྟོག་དམག་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་བྱམས་བརྩེ་ལྡན་པའི་འཚམས་འདྲི་ཞུས།
ལོ60ཡི་རིང་།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་།མི་རིགས་མཐུན་སྒྲིལ།སྤྱི་ཚོགས་བརྟན་བརླིང་།མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་ནས་བྱ་གཞག་ཁག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ་རེད།ཁྱོད་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་པ་གསུམ་”གྱི་གལ་འགངས་ཆེ་བའི་དགོངས་པས་ཁྲིད་སྟོན་བྱེད་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་ལྟ་བ་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ།ཐོག་མཐའ་བར་གསུམ་དུ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བ་རྒྱུན་འཁྱོངས་བྱེད་པ།ཀྲུང་དབྱང་གི་ནུབ་རྒྱུད་གསར་སྦོལ་ཆེན་པོའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པའི་གོ་སྐབས་ཁོང་དུ་བརྟན་པོ་ཆུད་པ།མུ་མཐུད་ནས་བསམ་བློ་བཅིངས་འགྲོལ་གཏོང་བ།བཅོས་བསྒྱུར་སྒོ་ཕྱེ་རྒྱུན་འཁྱོངས་བྱེད་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ།སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ།འབྱོར་ཕྱུག་ལྡན་པ་དང་།དཔལ་ཡོན་ལྡན་པའི་ཁྱིམ་གཞིས་བཟང་པོ་ཞིག་འཛུགས་སྐྲུན་བྱེད་པ་དང་།་མི་རིགས་མཐུན་སྒྲིལ་དང་བྱ་གཞག་ཡར་ཐོན་ཡོང་བ།སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན།སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བཅས་བྱེད་ཆེད་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས་རྒྱུའི་རེ་བ་ཡོད།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བའི་སྨོན་འདུན་ཞུ།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་ཁག་མི་དམངས་ཚོ་བདེ་སྐྱིད་ཁམས་བདེ་ཡོང་བའི་སྨོན་འདུན་ཞུ།།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
2010ལོའི་ཟླ་བ10པའི་ཚེས་27ཉིན།
  • ལེ་ཚན་སྔོན་མ།:ཚོན་མདོག་རྣམ་པར་བཀྲ་བའི་དཀར་མཛེས་ཞེས་པའི་རྒྱུད་རིམ་རིག་རྩལ་འཁྲབ་སྟོན་གཟབ་རྒྱས་སྤེལ།
  • ལེ་ཚན་རྗེས་མ།:དར་མདོའི་མི་དམངས་ཀྱིས་ཁུལ་བཙུགས་ནས་ལོ60ཡི་གྲུབ་འབྲས་བཤམས་སྟོན་ལ་ལྟད་མོ་ལྟ།
  • དོ་སྣང་ཆེ་བའི་རྩོམ།