ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཡུལ་ཤུལ་གསར་བར་དོ་དམ་བཟང་བོ་དང་བདག་གཉེར་བཟང་བོ། འཕེལ་རྒྱས་བཟང་བོ་བཅས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-04-16

ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཡུལ་ཤུལ་གསར་བར་དོ་དམ་བཟང་བོ་དང་བདག་གཉེར་བཟང་བོ། འཕེལ་རྒྱས་བཟང
ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར།ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས།འཛམ་གླིང་ཡོངས་ལ་ཡུལ་ཤུལ་ཁུལ་གྱིས་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ལས་འགན་ཡོངས་འགྲུབ་བྱས་པ་དང་།ལོ་གསུམ་ལ་དཀའ་སྤྱད་འབད་འཐབ་བྱས་ནས།ལོ་ངོ་ཉི་ཤུའི་མཆོང་སྐྱོད་ཀྱི་ཚད་ལ་བསླེབ་པའི་བསྐྱར་འཛུགས་དམིགས་འབེན་མངོན་འགྱུར་བྱས་ཏེ།སྐྱེ་ཁམས་བཟང་ཞིང་།ཁྱད་ཆོས་འབུར་དུ་ཐོན་པ།དཔལ་འབྱོར་འཕེལ་རྒྱས།བདེ་འཇགས་དང་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་བ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།ཡུལ་ཤུལ་ཁུལ་གྱིས་ཏང་གི་སྲིད་ཇུས་སྔར་ལས་ལག་ལེན་མཐར་ཕྱིན་བྱེད་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མཆོང་སྐྱོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་སྐྱོད་ས་ཁུལ་གསར་འཛུགས་བྱེད་པ།རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་འཛུགས་སྐྲུན་བྱས་ནས།གཞི་རིམ་གྱི་བྱ་བ་འཛིན་པ་དང་རྨང་གཞི་ཇེ་བརྟེན་ཏུ་བཏང་སྟེ།ཡུལ་ཤུལ་གསར་བར་དོ་དམ་བཟང་བོ་དང་བདག་གཉེར་བཟང་བོ།འཕེལ་རྒྱས་བཟང་བོ་བཅས་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
    ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཧན་ཡུན་ཧྲིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།ཡུལ་ཤུལ་གསར་བས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁྲོད་མཆོང་སྐྱོད་གསར་བ་མངོན་འགྱུར་བྱེད་རྒྱུ་དང་།སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཐོ་སྒང་གི་སྐྱེ་ཁམས་ཞིང་ཕྱུགས་ལས་དང་ཁྱད་ཆོས་གནས་སྐོར་ལས་རིགས་སོགས་ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ།ལས་གཞིར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་།སྤྱི་ཚོགས་ལས་དོན་དང་དམངས་འཚོར་ཁག་ཐེག་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ།ཚན་རིག་དང་གོ་རིམ་ལྡན་པའི་ངང་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།ཁྱབ་ཁོངས་གཙོ་བོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ།སྤྱི་ཚོགས་ཀྱི་ཁྲིམས་སྐྱོང་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཟེར།
    དེ་ལས་གཞན་ཡུལ་ཤུལ་ཁུལ་གྱིས་ད་རུང་སྲིད་གཞུང་རང་སྟེང་གི་བཅོས་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་།སྲིད་བསྡུ་དབང་གཏོང་དང་སྲིད་དོན་ཡོངས་སྒྲོག་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ།ཕྱི་ཕྱོགས་སུ་སྒོ་འབྱེད་ཚད་རྒྱ་བསྐྱེད་པ་དང་།ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་དང་ཟུང་འབྲེལ་བྱས་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཀྱི་ཁྲིམས་སྐྱོང་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ།ཡུལ་ཤུལ་ཁུལ་གྱི་མི་དམངས་ལ་ཕན་ནུས་མཐོ་ཞིང་སྤྱོད་གཙང་ལྡན་པའི་སྲིད་གཞུང་གི་ཞབས་ཕྱི་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་རེད།  །
 

 

  • ལེ་ཚན་སྔོན་མ།:ཡུལ་ཤུལ་ཁུལ་གྱིས་གོས་སྐུ་བཤམ་པའི་ཆོ་ག་སྤེལ་ཏེ་ཡུལ་ཤུལ་ས་འགུལ་བྱུང་ནས་ལོ་འཁོར་བཞི་ལོན་པར་རྗེས་དྲན་ཞུས
  • ལེ་ཚན་རྗེས་མ།:སྐབས་བརྒྱད་པའི་ཁམས་པའི་རིག་གནས་ལྗོངས་རྒྱུའི་སྒྱུ་རྩལ་དུས་ཆེན་དང་ཡུལ་ཤུལ་རྟ་རྒྱུག་འགྲན་ཚོགས་ཚོགས་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།