ཡུས་ཧྲུའུ་ཡི་སྡོད་དམངས་རྣམས་འཕྲོ་རིམ་འཕྲོར་ཁང་བ་གསར་བའི་ནང་དུ་སྤར་བཞིན་པ།

བདེ་སྐྱིད་འཚོ།        2012-10-24

ཡུས་ཧྲུའུ་ཡི་སྡོད་དམངས་རྣམས་འཕྲོ་རིམ་འཕྲོར་ཁང་བ་གསར་བའི་ནང་དུ་སྤར་བཞིན་པ།
 

ལས་ནས་འགྲུབ་པའི་ཡུས་ཧྲུའུ་ཡི་སྡོད་ཁང་གསར་བ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན་གསར་འགོད་པས་སྟག་སྡེར་འཛུགས་སྐྲུན་བྱ་བའི་ཨུ་ཡོན་ལྷན་ཁང་གི006འཛུགས་སྐྲུན་ས་ཁུལ་ནས། སྔོན་ཆད་འཛུགས་སྐྲུན་བྱེད་བཞིན་པའི་སྡོད་ཁུལ་ཚང་མ་ལས་ཚར་ཏེ། ཁང་བ་རེ་རེར་སོ་སོའི་ཁྱད་ཆོས་ལྡན་ཞིང་། གྲལ་དག་ཅིང་ཧ་ཅང་མཛེས་པའི་སྡོད་དམངས་ཀྱི་འདུག་ཁང་རེ་རེ་ལས་ཚར་ཡོད་པ་མཐོང་ལ། ཁང་བ་གསར་བ་ལས་ནས་འགྲུབ་པ་དང་། མང་ཚོགས་ཚང་མ་ཁང་བ་གསར་བའི་ནང་དུ་སྤར་ཡོད། 006འཛུགས་སྐྲུན་ས་ཁུལ་གྱི་འགན་འཁུར་པ་ཚེ་རིང་དགའ་བ་ཡིས་མཚམས་སྦྱོར་བྱས་དོན། 006འཛུགས་སྐྲུན་ས་ཁུལ་དུ་སྡོད་དམངས་དོན་བཞི་ཡོད་པ་དང་། ཁྱིམ་ཚང་བཞི་བཅུ་སྔ་མོ་ནས་ཁང་བ་གསར་བའི་ནང་དུ་སྤར་ཟིན། དེའི་ནང་གི་སྡོད་དམངས་སོ་བཞི་ནི་ཉིན་འདི་འགའི་རིང་ལ་རྟ་རྒྱུགས་ཐང་གི་གཅིག་བསྡུས་ས་ཁུལ་ནས་གནས་སྤར་བ་ཡིན་ལ། ཁང་བ་གསར་བ་རྣམས་མཛེས་སྤྲས་བྱེད་བཞིན་ཡོད། ཟླ་བཅུ་བའི་ཟླ་མཇུག་བར་དུ་ཁང་བ་གསར་བའི་ནང་དུ་སྤོར་ཐུབ་ཟེར། །

  • ལེ་ཚན་སྔོན་མ།:ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་དུ་བ་ཀུང་ཟིའི་གནས་སུ་སྡོད་ཁང་ལས་པའི་ལས་གཞི་ལེགས་འགྲུབ་བྱུང་བ།
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་རྫོང་ལ་སོལ་རླངས་མེད་པའི་ལོ་རྒྱུས་མཇུག་རྫོགས་པ།
  • དོ་སྣང་ཆེ་བའི་རྩོམ།