ཀྲུང་གོ་བོད་ཀྱི་དྲ་བ། 2012-09-05
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ཡི་སློབ་གསོ་ཁི་ཡི་ཁི་ཀྲང་རྒྱ་མཚོ་བཀྲ་ཤིས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། འཆར་གཞི་ལྟར་དུ། ས་འགུལ་རྗེས་སུ་ཡུས་ཧྲུའུ་གནད་ཐེབས་ས་ཁུལ་དུ་བསྡོམས་པས་སློབ་གྲྭ47ཡོད་པ་བསྐྱར་སྐྲུན་བྱེད་དགོས་ལ། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ད་ལོའི་དཔྱིད་ཁ་སློབ་མགོ་རྩོམ་དུས་སློབ་གྲྭ་བཅུ་གསུམ་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱས་ཤིང་། ཐེངས་འདིའི་སྟོན་ཁ་སློབ་མགོ་རྩོམ་དུས་སློབ་གྲྭ་ཉེར་བདུན་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱེད་རྒྱུ་ཡིན་དེ། གཞན་པའི་སློབ་གྲྭ་བདུན་ནི་བུ་བཅོལ་ཁང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་ཡིན།
རྒྱ་མཚོ་བཀྲ་ཤིས་ཀྱིས་གསར་འགོད་པར་འདི་ལྟར་བཤད་རྒྱུར། ཡུས་ཧྲུའུ་ས་འགུལ་བྱུང་བས་གནོད་ཐེབས་སློབ་མ་ཧ་ལམ་ཁྲི་གཅིག་ས་ཆ་གཞན་ལ་བསྐྱལ་ནས་སློབ་གྲྭ་ཞུགས་པ་དང་། ད་ལོའི་དཔྱིད་ཁ་སློབ་མགོ་རྩོམ་དུས་སུ། འབྲེལ་ཡོད་ས་གནས་སྲིད་གཞུང་སྡེ་ཁག་གིས་ས་ཆ་གཞན་དུ་བསྐྱལ་བའི་སློབ་མ་ཚང་མ་ཕྱིར་ཕ་ཡུལ་དུ་སློབ་སྦྱོང་བྱེད་དུ་བསྐྱལ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10