ཡུལ་ཤུལ་རྫོང་གི་སློབ་གྲྭ་བཅུ་ལ་རིན་ཐང་སྒོར་ཁྲི50ཡི་དཔེ་ཆ་བྱིན།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2012-08-10
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ8པའི་ཚེས7ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པ། ཧྥུའུ་ཧྲི་ཁང་ཚན་རྩལ་ཚོགས་སྒྲིལ་གྱིས་ཡུལ་ཤུལ་རྫོང་ཆ་ཚང་སློབ་ཆུང་གསུམ་པ་རུ་རེ་བའི་དཔེ་མཛོད་ཁང་ཞལ་འདེབས་འཛུགས་སྐྲུན་མཛད་སྒོ་བསྡུས་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་རྫོང་གི་སློབ་གྲྭ10ལ་རིན་ཐང་སྒོར་ཁྲི50ཡོད་པའི་དཔེ་ཆ་བྱིན།
ན་གཞོན་བདེ་ཐང་ངང་འཚར་ལོངས་བྱུང་བར་རོགས་སྐྱོར་བྱེད་པ་ནི་གུང་གཞོན་ཚོགས་པ་རྩ་འཛུགས་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཐུན་མོང་གི་འགན་འཁྲི་ཡིན། ཧྥུའུ་ཧྲི་ཁང་ཚན་རྩལ་ཚོགས་སྒྲིལ་གྱིས་ཐེངས་འདིར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པ་བརྒྱུད་དེ་ཡུལ་ཤུལ་ཁུལ་ཡུལ་ཤུལ་རྫོང་གི་ར་སྟོད་ཤང་བཅའ་སྡོད་ལམ་ལུགས་སློབ་ཆུང་དང་ཡུལ་ཤུལ་རྫོང་ར་སྨད་གྲོང་རྡལ་བཅའ་སྡོད་ལམ་ལུགས་སློབ་ཆུང་། ཡུལ་ཤུལ་རྫོང་དཔལ་ཐང་ཤང་བཅའ་སྡོད་ལམ་ལུགས་སློབ་ཆུང་། ཡུལ་ཤུལ་རྫོང་འབྲོང་མདའ་ཤང་བཅའ་སྡོད་ལམ་ལུགས་སློབ་ཆུང་། ཡུལ་ཤུལ་རྫོང་སྐྱེ་རྒུ་གྲོང་རྡལ་ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ། ཡུལ་ཤུལ་རྫོང་ལྷུན་པོ་གྲོང་རྡལ་བཅའ་སྡོད་ལམ་ལུགས་སློབ་ཆུང་། ཡུལ་ཤུལ་རྫོང་ཧ་ཤུལ་ཤང་བཅའ་སྡོད་ལམ་ལུགས་སློབ་ཆུང་། ཡུལ་ཤུལ་རྫོང་ཆ་ཚང་སློབ་ཆུང་གསུམ་པ། ཡུལ་ཤུལ་ཁུལ་དྭ་ཕྲུག་སློབ་ཆུང་། ཡུལ་ཤུལ་རྫོང་ཨ་ཁྲོ་ཤང་བཅའ་སྡོད་ལམ་ལུགས་སློབ་ཆུང་བཅས་ལ་རེ་བའི་དཔེ་མཛོད་ཁང་ཞལ་འདེབས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། སྤྱིའི་རིན་ཐང་བསྡོམས་པས་སྒོར་ཁྲི50ཡོད།
ཐེངས་འདིའི་ཞལ་འདེབས་ཕུལ་བ་དེས་ཡུས་ཧྲུའུ་ས་ཁུལ་གྱི་སློབ་ཆུང་སློབ་མས་དཔེ་ཆ་མང་པོ་ཀློག་པ་དང་དཔེ་ཆ་བཟང་པོ་ཀློག་པར་རོགས་སྐྱོར་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ། ལོ་མང་པོའི་རིང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ཤུགས་ཆེན་པོས་རེ་བའི་བཟོ་འགོད་ལག་བསྟར་བྱས་ཏེ། ཧུར་བརྩོན་གྱིས་དབུལ་ཕོངས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ལ་རེ་བའི་དཔེ་མཛོད་ཁང་འཛུགས་སྐྲུན་བྱས་པས། མཚོ་སྔོན་གྱི་དབུལ་ཕོངས་ས་ཁུལ་གྱི་སློབ་གསོའི་ལས་དོན་ལེགས་བཅོས་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད། །