ཡུལ་ཤུལ་གེ་སར་སྒྱུ་རྩལ་པའི་གཞིས་ཁྱིམ་གྱི་སྒོ་བྱང་འགེལ་བའི་མཛད་སྒོ་དཔལ་ཐང་ནས་བསྡུས།
བདེ་སྐྱིད་འཚོ། མཚོ་སྔོན་གསར་འགྱུར་དྲ་བ། 2012-07-27
ཚེས་ཉེར་གཉིས་ཉིན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ«གེ་སར»དམངས་ཁྲོད་སྒྱུ་རྩལ་པ་གསལ་འབྱེད་དང“ཡུས་ཧྲུའུ་ས་ཁུལ་«གེ་སར»སྒྱུ་རྩལ་པའི་གཞིས་ཁྱིམ་ཞེས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་དཔལ་ཐང་ནས་བསྡུས།
མཛད་སྒོའི་སྟེང་གསལ་འབྱེད་ཐོབ་པའི༼གེ་སར༽སྒྲུང་བར་གསལ་འབྱེད་འཛིན་ཡིག་བྱིན།
སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་ལས་རིགས་སོ་སོའི་མི་སྣས་འཕྲོ་རིམ་འཕྲོར་གཏམ་བཤད་དེ། «གེ་སར »རིག་གནས་དར་སྤེལ་ཆེན་པོ་གཏོང་བའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན།