ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་གྱི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མས་མུ་མཐུད་དུ་རྒྱལ་ཁབ་སློབ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡིན་པ།

གཡང་འབུམ་རྒྱལ།    མཚོ་སྔོན་གསར་འགྱུར་དྲ་བ།    2011-08-04

ཟླ་བརྒྱད་པའི་ཚེས་གཅིག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོར་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་གྱི་སློབ་མར་རྒྱལ་ཁབ་ཀྱིས་སློབ་མཐར་ཕྱིན་རྗེས་སུ་ཕྱིར་རང་གི་ས་གནས་སུ་ལས་ཞུགས་བྱེད་པར་འགྲོ་བའི་མི་གྲངས་ཇེ་མང་དུ་གཏོང་བ་དང་སློབ་བསྡུའི་སྐར་གྲངས་ཇེ་དམར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མུ་མཐུད་དུ་སློབ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། གསར་འགྱུར་མགྲིན་ཚབ་པ་ཡཱ་ལྷ་མོས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་སློབ་བསྡུ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གཉིས་ཀྱིས་འབད་བརྩོན་ཆེན་པོས་མཐུན་སྦྱོར་བྱས་པ་བརྒྱུད། སློབ་གསོ་པུའུ་ཡིས་ཆེད་དུ་མཐོ་རིམ་སློབ་གྲྭ་དཀྱུས་མ་སྐོར་ཞིག་ནས་གྲ་སྒྲིག་འཛིན་གྲྭ་ཇེ་མང་ལ་བཏང་བ་དང་མི་རིགས་འཛིན་གྲྭའི་སློབ་མ་སུམ་བརྒྱ་བསྡུ་བའི་འཆར་གཞི་འཐེན་ཏེ། ཁོ་ཚོ་སློབ་མཐར་ཕྱིན་རྗེས་ཕྱིར་ཡུས་ཧྲུའུ་ས་ཁུལ་དུ་ལས་ཞུགས་བྱེད་དུ་འགྲོ་དགོས་པ་གཏན་ལ་ཕབ། སློབ་གྲྭ་དེ་དག་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཧྲན་ཞི་དགེ་ཐོན་སློབ་གྲྭ་ཆེན་མོ། ཀྲུང་གོ་ས་གཤིས་སློབ་གྲྭ་ཆེན་མོ། ལེའོ་ཉིན་གསོ་རིག་སློབ་གླིང་། ཀྲུང་ནན་མི་རིགས་སློབ་ཆེན་སོགས་རེད་ཟེར།

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱ་
  • ལེ་ཚན་རྗེས་མ།:ཡུལ་ཤུལ་ཁུལ་གྱི་དབུལ་ཕོངས་སློབ་མ་༡༥༢ལ་སློབ་རོགས་སྒོར་མོ་འབུམ་ལྔ་དང་ཁྲི་བཞི་བྱིན།
  • དོ་སྣང་ཆེ་བའི་རྩོམ།