དཀོན་མཅོག་རྡོ་རྗེ། 2011-06-08
ཝུན་ཡུའུ་ཁྲེན་གྱིས་ལེགས་པ་ལུང་པའི་རྡོ་བརྐོས་རི་མོར་རྟོག་ཞིབ་བྱེད་པ།
དུས་རབས12པར་བཞེངས་པའི་ལེགས་པ་ལུང་པའི་མཆོད་རྟེན།
ལེགས་པ་ལུང་པའི་བྲག་རྡོར་བརྐོས་པའི་ཤྰཀྱ་མུ་ནེ་སྐུ།
ལེགས་པ་ལུང་པའི་བྲག་རྡོར་བརྐོས་པའི་ཐུ་བྷོད་ཀྱི་སྐྱེས་པའི་མགོ་རྒྱན།
ལེགས་པ་ལུང་པའི་རྡོ་བརྐོས་ཐོག་གི་ཕོ་མོའི་རྒྱན་ཆ།
འབུམ་རྣམ་པ་སྣང་མཛད་ཀྱི་དེ་བཞིན་གཤེགས་པའི་སྐུ།
ཟླ་བ་༦པའི་ཚེས་༣ཉིན་རང་རྒྱལ་གྱི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་གྲགས་ཅན་ཝུན་ཡུའུ་ཁྲེན་ལགས་མཚོ་སྔོན་གྱི་ཡུལ་ཤུལ་རྫོང་དུ་གནའ་རྫས་རྟོག་ཞིབ་གནང་སར་ཕེབས་སྐབས་གི་ས་ཆ་དེའི་ལེགས་པ་ལུང་པའི་བྲག་རྐོས་རི་མོ་ཚོ་གཉིས་མཐོང་བ་རེད།ཁོང་གིས་རི་མོ་དེ་གཉིས་ལ་བརྟག་དཔྱད་ཞིབ་མོར་གནང་རྗེས་གཡོན་ཕྱོགས་དེའི་བྲག་རྐོས་རི་མོ་ནི་སེང་ཁྲི་ཐོག་ལ་བཞུགས་པའི་སྟོན་པའི་སྐུ་དང་གཡས་གཡོན་ལ་ལྷ་གཉིས་ཡོད་པ་དང་།འོག་ལ་སེང་གེ་དང་།རྟ་ ལུག་ སོགས་ཀྱི་རི་དྭགས་ཚོས་ཆོས་ཉན་བཞིན་པའི་རྣམ་པ་མཚོན་ཡོད།
གཡས་ཕྱོགས་སུ་སྟོན་པའི་ལངས་སྐུ་སྨི་ལྔ་ཙམ་ཅན་དང་།ཟུར་དུ་བོད་ཀྱི་རྒྱན་ཆས་སྤྲས་པའི་སྐྱེས་པ་དང་རྒྱ་ནག་གི་རྒྱན་སྤྲས་པའི་བུད་མེད་ཀྱིས་སངས་རྒྱས་ལ་དད་པའི་ཚུལ་བཟུང་བའི་རི་མོ་གསལ་པོ་མཐོང་ཐུབ།
མཁས་དབང་ཝུན་ལགས་ཀྱིས་བྲག་རྐོས་རི་མོ་དེ་གཉིས་ནི་དུས་རབས་༨པའི་སྟོད་ཙམ་སྟེ། ཐང་རྒྱལ་རབས་ཀྱི་དུས་སུ་བརྐོས་པ་ཡིན་པས་མིག་སྔར་བོད་ཁུལ་དུ་དངོས་སུ་མཐོང་ཐུབ་པའི་བྲག་རྐོས་རི་མོའི་ལོ་རྒྱས་ཆེས་རིང་བ་དེ་ཡིན་པའི་ངོས་འཛིན་གནང་།
ད་དུང་བྲག་རྐོས་རི་མོ་དང་ཐག་ཉེ་བའི་ལྷོ་ཕྱོགས་སུ་མཆོད་རྟེན་རྙིང་པ་འདུག ཆེད་མཁས་པ་ཝུན་ལགས་ཀྱིས་མཆོད་རྟེན་དེ་ནི་ཡོན་རྒྱལ་རབས་ལས་སྔ་ཞིང་ཕལ་ཆེར་བསྟན་པ་ཕྱི་དར་སྐབས་ཀྱི་དུས་རབས་༡༢པ་ཙམ་དུ་བཞེངས་ཡོད་པ་འདྲ་འདུག་གསུངས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10