དར་མདོ་རྫོང་གིས་ཤ་ཚལ་སྒོང་གསུམ་གྱི་ཚོང་རའི་དོ་དམ་དམ་འཛིན་བྱས།

དབྱངས་ཅན་གྱིས་བསྒྱུར།        2014-04-25

 དམག་དཔོན་ཟམ་པའི་ཞིང་ལས་ཉོ་ཚོང་ཚོང་རའི་ཐོག་བརྩེགས་གཉིས་པའི་དམངས་གཅེས་མི་སེར་ཚོང་གཉེར་པུའུ་ཡི་སྔོ་ཚལ་གྱི་རིན་གོང་ངོ་མ་ཉུང་འདུགཚལ་མང་པོ་སྒོར་ཟུར་ཉུང་ཉུང་གིས་ཉོ་རྒྱུ་རག་ཐུབ།དཔྱིད་གསར་དུས་ཆེན་སྐབས་ད་དུང་རྒྱུན་ལྡན་ལྟར་ཚོང་གཉེར་བྱེད་བཞིན་ཡོད་པས་རྫོང་ཁུལ་གྱི་སྔོ་ཚལ་རིན་གོང་མགྱོགས་མྱུར་ཉུང་དུ་ཕྱིན་པ་རེད་ཅེས་དར་མདོ་གྲོང་རྡལ་གྱི་འདུས་ཁུལ་དུ་སྡོད་ཡོད་པའི་ཨ་ཕྱི་ལིའུ་ལགས་ཀྱིས་རྫོང་ཁུལ་གྱི་གཞུང་བཅད་རིན་གོང་གི་སྔོ་ཚལ་རང་འདེམས་ཚོང་ཁང་དེ་བཙུགས་ཡོད་པ་གོ་རྗེས་ཁོ་མོ་དམིགས་བཀར་གྱིས་སྔོ་ཚལ་ཉོ་སར་ཐེངས་གཉིས་སོང་བ་ཡིན་ཞེས་བཤད།
    དམངས་གཅེས་མི་སེར་ཚོང་གཉེར་པུའུ་ཡི་འགན་ཁུར་མི་སྣ་ཝང་ཞའོ་ཕིང་གིས་ངོ་སྤྲོད་བྱས་པར་ལྟར་ན།འདི་ནའི་སྔོ་ཚལ་དང་ཤིང་ཏོག་དེ་ཚོ་གཞུང་བཅད་རིན་གོང་ལྟར་ཕྱིར་འཚོང་བྱེད་བཞིན་ཡོད་པར་མ་ཟད།ཚོང་གཉེར་པུའུ་ཡིས་ད་དུང་མེན་དབྱང་ཧྲོང་ཧུའེ་བཟའ་བཅའ་ཚད་ཡོད་འགན་འཁྲི་ཀུང་སི་དང་གྲོས་མཐུན་བཞག་ནས།ཚོང་གཉེར་པུའུ་ཡིས་ཕྱིར་འཚོང་བྱེད་པའི་ཕག་ཤ་ཡོད་ཚད་མེན་དབྱང་ཧྲོང་ཧུའེ་བཟའ་བཅའ་ཚད་ཡོད་འགན་འཁྲི་ཀུང་སིས་གཅིག་གྱུར་གྱིས་མཁོ་སྤྲོད་བྱེད་པ་རེད།ན་ལོའི་ཟླ་བ་7པར་ཁག་དང་པོའི་ཧྲོང་ཧུའེ་ཡི་ཕག་ཤ་གསར་པ་རང་ཁུལ་གྱི་ཚོང་རའི་ཐོག་འདོན་ཡོད་སྟབས།དར་མདོ་རྫོང་གི་ཨང་དང་པོའི་ཕག་ཤ་སྤྱི་རྒྱ་རེར་སྒོར23ནས་སྒོར21ལ་མར་ཆག་པ་དང་རྩིབ་ཤ་སྤྱི་རྒྱ་རེར་སྒོར29ནས་སྒོར་26ལ་མར་ཆག་པ།དཀར་དམར་འདྲེས་མ་ཕག་ཤ་སྤྱི་རྒྱ་རེར་སྒོར22ནས་སྒོར20ལ་མར་ཆག་ཡོད་པ་རེད།གཞུང་བཅད་རང་འདེམས་ཚོང་ར་ཚོང་གཉེར་བྱེད་འགོ་ཚུགས་ནས་རྫོང་ཁུལ་ཆུང་ཆུང་དེར་ཤུགས་རྐྱེན་བཟང་པོ་ཐོན་པ་རེད།
    ཁུལ་དང་རྫོང་གི་འགོ་ཁྲིད་ཀྱིས་ཚོང་རའི་ཟོག་གོང་བརྟན་པོ་བྱེད་པའི་ལས་ཀར་ཚད་མཐོན་པོའི་ངང་མཐོང་ཆེན་གནང་བ་དང་།ཁུལ་དང་རྫོང་གི་འགོ་ཁྲིད་ཀྱིས་ཐེངས་མང་རུ་སྣེ་ཁྲིད་ནས་ཞིང་ལས་ཉོ་ཚོང་ཚོང་ར་དང་རང་འདེམས་ཚོང་རར་ཕྱིན་ཏེ་ཡུལ་དངོས་སུ་བརྟག་དཔྱད་བྱས་ཏེ་ཟོག་གོང་དང་སྔོ་ཚལ་རིན་གོང་བརྟན་པོ་བྱེད་པའི་ལས་ཀར་བཀོད་སྒྲིག་བྱས་པ་རེད།དར་མདོ་རྫོང་མི་དམངས་སྲིད་གཞུང་གིས《ཚོང་རའི་རིན་གོང་བརྟན་པོ་ཡོང་བར་ཤུགས་སྣོན་ཏན་ཏིག་རྒྱག་པའི་སྐོར་གྱི་བསམ་འཆར།》བཏོན་པ་དང་སྡེ་ཁག་སོ་སོས་མཉམ་དུ་རོགས་འདེགས་བྱས་ཏེ་སོ་སོའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས།སྲིད་འཛིན་དང་།དཔལ་འབྱོར།བཅའ་ཁྲིམས་བཅས་ཀྱི་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་བཏང་བ་དང་།ཐབས་མང་སྤྱད་ནས་ཚོར་རའི་རིན་གོང་སྙོམ་སྒྲིག་བྱས་ཏེ་ཚོང་རའི་ཟོག་གོང་གི་འགྱུར་ལྡོག་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ།སེམས་ཐག་གཙང་བཅད་ཀྱིས་ཚོང་རའི་ཟོག་གོང་འགྱུར་ལྡོག་ཆེན་པོ་མེད་པ་བྱས་ཏེ་རྫོང་དེའི་ཚོང་རའི་རིན་གོང་བལྟོས་བཅས་ཀྱི་བརྟན་པོ་ཡོང་བར་ཁག་ཐེག་བྱས་པ་རེད།
    མིག་སྔར་དར་མདོ་རྫོང་གིས་འཚོ་བའི་སྤྱོད་ཆས་ཐོན་སྐྱེད་དང་གསོག་འཇོག་བྱེད་པའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།ལོ་གསུམ་གྱི་དུས་ཚོད་སྤྱད་ནས་སྔོ་ཚལ་འདེབས་འཛུགས་བྱེད་སའི་རྟེན་གཞི་དང་བྱ་རིགས་གསོ་སྤེལ་བྱེད་སའི་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་བྱས་ནས།སྔོ་ཚལ་དང་ཤ་རིགས་ཐོན་རྫས་མཁོ་འདོན་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་རྒྱུ་རེད།ད་ལོར་རྫོང་དེས་རིན་གོང་སྙོམ་སྒྲིག་བྱ་རྒྱུ་དང་ཞིང་ལས་དང་འབྲེལ་བ་སོགས་ཀྱི་མ་དངུལ་ཁྲོད་སྙོམ་སྒྲིག་བྱས་ནས་དར་མདོ་གྲོང་རྡལ་དང་།ར་རྔ་ཁ་གྲོང་རྡལ།སྒོ་ལྕགས་གྲོང་རྡལ།གཡག་རྭ་ཤང་སོགས་ལ་སྔོ་ཚལ་རྟེན་གཞི་མུའུ5900དང་དྲོད་ཁང་ཆེན་པོ་མུའུ100འཛུགས་སྐྲུན་བྱེད་གྲབས་ཡིན་པ་དང་།གྲོང་ཁུལ་གསར་རྙིང་དུ་ད་དུང་གཞུང་བཅད་དམངས་ཕན་སྟབས་བདེའི་ཚོང་ཁྲོམ8འཛུགས་གྲབས་ཡོད་པ།དར་མདོ་གྲོང་རྡལ་ཧྲེང་ཧང་གྲོང་སྡེ་རུ་སྨི་གྲུ་བཞི་མ1000ལྡན་པའི་སྔོ་ཚལ་སྡེབ་འཚོང་ཚོང་ར་འཛུགས་གྲབས་ཡོད་པ།དུས་མཚུངས་སུ་བཤས་ཁོངས་སུ་བཏང་བའི་ནོར་ཟོག་རེར་སྒོར300ནས་སྒོར500བར་གྱི་ཁ་གསབ་རོགས་དངུལ་སྤྲད་ནས་བཤས་ཁོངས་སུ་གཏོང་བར་འགན་སྲུང་ནུས་ལྡན་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གིས་ཟས་རིགས་ཁེ་ལས་ཀྱི་མཚོན་རྟགས་དང་ཤོག་བྱང་ལ་ཞིབ་བཤེར་བཅོས་སྐྱོང་བྱས།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གི་མང་ཚོགས་ཁྲི་གཉིས་ལྷག་གི་འཐུང་ཆུ་རག་དཀའ་བའི་ལོ་རྒྱུས་མཇུག་སྒྲིལ།
  • དོ་སྣང་ཆེ་བའི་རྩོམ།