ཉག་ཆུ་རྫོང་གིས་ཟས་རིགས་ཁེ་ལས་ཀྱི་མཚོན་རྟགས་དང་ཤོག་བྱང་ལ་ཞིབ་བཤེར་བཅོས་སྐྱོང་བྱས།

ལྷ་འཛོམས་ཀྱི་བསྒྱུར།        2014-04-25

ཉེ་ཆར་ཉག་ཆུ་རྫོང་གིས་འབྲེལ་ཡོད་སྡེ་ཁག་གི་ཁྲིམས་འཛིན་མི་སྣ་ས་སྒྲིག་འཛུགས་བྱས་ནས་མངལ་ཁོངས་ནང་གི་ཟས་རིགས་ཐོན་སྐྱེད་ཕྱིར་ཚོང་ཁེ་ལས་ཀྱི་ཟས་རིགས་ཀྱི་མཚོན་རྟགས་དང་ཤོག་བྱང་ལ་ཆེད་དམིགས་ཞིབ་བཤེར་བྱས་ནས་ཁྱོན་བསྡོམས་པས་ཁྲིམས་འཛིན་མི་སྣ་མངགས་ཐེངས16བྱས་ནས་གཙོ་བོར་ཟས་རིགས་ཀྱི་མིང་དང་ཐོན་ས།ཐོན་སྐྱེད་དུས་ཚོད།QSམཚོན་རྟགས་སོགས་ལ་ཞིབ་བཤེར་བྱས་པ།ཐེངས་འདིར་ཁྱོན་བསྡོམས་ཟས་རིགས་ཐོན་སྐྱེད་ཚོང་གཉེར་ཁེ་ལས98དང་ཟས་རིགས་ཤོག་བྱང110ལྷག་ཙམ་ལ་ཞིབ་བཤེར་བྱས་ནས་གནད་དོན་ཡོད་སར་ལམ་སང་དག་བཅོས་བྱ་བཅུག་པ།དུས་མཚུངས་སུ་ཟས་རིགས་ཉེན་མེད་དྲིལ་བསྒྲགས་ལག་དེབ་དང་དཔྱད་ཡིག150བཀྲམས་ཤིང་མང་ཚོགས་ཀྱི་འདྲི་རྟོག་དང་ལེན་བྱེད་ཐེངས40ཐོག་སླེབས་པ་རེད།
  • ལེ་ཚན་སྔོན་མ།: ཧུའུ་ཁྲང་ཧྲེང་གིས་ལི་ཐང་རྫོང་དང་ཉག་ཆུ་རྫོང་སོགས་སུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་གིས་ཤ་ཚལ་སྒོང་གསུམ་གྱི་ཚོང་རའི་དོ་དམ་དམ་འཛིན་བྱས།
  • དོ་སྣང་ཆེ་བའི་རྩོམ།