ཞིང་ལས་ཉེན་འགོག་གིས་ཞིང་པའི་དཔལ་འབྱོར་ཡོང་འབབ་འགན་ལེན་བྱས།

མཁས་གྲུབ།        2014-04-24

ཉེ་ཆར།དར་མདོ་རྫོང་འགག་པ་ཤང་གིས2014ལོའི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་འགོག་འགན་ལེན་ཞུ་བའི་ལས་ཀ་ལེགས་གྲུབ་བྱུང་།ཤང་ཡོངས་ཀྱི་གྲོང་སྡེ་བཅུའི་དུད་ཚང528ཀྱིས་ནས་ཞིང་མུའུ4807.05ལ་ཉེན་འགོག་འགན་ལེན་ཞུ་བ་དང་།དུད་ཚང165ཡིས་ཞོག་ཁོག་ཞིང་མུའུ136.1ལ་ཉེན་འགོག་འགན་ལེན་ཞུ་བ་རེད།
    སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་འགོག་འགན་ལེན་ཞུ་བ་ནི་ཉེན་འགོག་འགན་ལེན་ཞུ་མཁན་གྱིས་འགན་ལེན་ཞུ་རིན་ཉུང་ཤས་ལས་སྤྲོད་མི་དགོས་ལ།ཉེན་འགོག་འགན་ལེན་ཞུ་རིན་མང་ཆེ་བ་སྲིད་གཞུང་གིས་ཁ་གསབ་བྱེད་ཀྱི་ཡོད།ཉེན་འགོག་འགན་ལེན་ཞུ་མཁན་གྱི་ཞིང་ལས་ཐོན་སྐྱེད་བདག་གཉེར་གྱི་བརྒྱུད་རིམ་ནང་རང་བྱུང་གནོད་སྐྱོན་དང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱིས་ནོར་རྫས་ལ་གྱོད་གུན་ཐེབས་པའི་ཉེན་ཁ་འགན་སྲུང་བྱེད་པའི་དམངས་ཕན་གྱི་སྲིད་ཇུས་ཤིག་ཡིན།འགག་པ་ཤང་གིས་ཤང་རང་གི་གནས་ཚུལ་ལ་གཞིགས་པ་སྟེ།ལོ་ལྟར་རང་བྱུང་གནོད་སྐྱོན་ཆེ་བས་གྲོ་ནས་དང་ཞོག་ཁོག་སོགས་ཀྱི་རྨོ་ཞིང་ལ་དྲག་ཆར་དང་སེར་སད།ཆུ་ལོག་སོགས་ཀྱི་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱི་ཡོད་པས་སྲིད་ཇུས་དྲིལ་བསྒྲགས་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱིས་ཉེན་འགོག་འགན་ལེན་ཞུ་བར་ཧུར་བརྩོན་གྱིས་སྐུལ་སློང་བྱས་པ་དང་།མང་ཚོགས་ཀྱི་དཔལ་འབྱོར་ལ་གྱོང་གུན་ཐེབས་ཤུགས་ཆུང་དུ་གཏོང་བར་འགན་སྲུང་བྱས་པ་རེད།
  • ལེ་ཚན་སྔོན་མ།: རྩྭ་སོན་འགྲེམ་གཏོང་བྱས་ཏེ་རྨོ་འདེབས་ཀྱི་ལག་རྩལ་བསླབས།
  • ལེ་ཚན་རྗེས་མ།:མགོ་ལོག་ཐོག་གྲོང་སྡེ་གསུམ་པས་རྣམ་པ་རྙིང་པ་གསར་དུ་བསྒྱུར།
  • དོ་སྣང་ཆེ་བའི་རྩོམ།