རྩྭ་སོན་འགྲེམ་གཏོང་བྱས་ཏེ་རྨོ་འདེབས་ཀྱི་ལག་རྩལ་བསླབས།

མཁས་གྲུབ།        2014-04-24

 ཉེ་ཆར།གཏིང་ཟབ་པའི་སྒོ་ནས་འབྲོག་བསྐྱུར་རྩྭ་སྤེལ་གྱི་ལས་གྲྭ་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་།ཤུགས་ལྡན་པའི་སྒོ་ནས“བཞི་ཅན་དར་མདོ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་དར་མདོ་རྫོང་འགག་པ་ཤང་གིས་ཤང་ཡོངས་ཀྱི་ལས་བྱེད་པ་དང་གྲོང་སྡེ་སོ་སོའི་ཨུ་ལྷན་གཉིས་ཀྱི་ཏང་ཡོན་ལས་བྱེད་པ32སྒྲིག་འཛུགས་བྱས་ཏེ།གྲོང་སྡེ་ཁག་གི་མི་སེར་རྣམས་ལ་སྤུས་ལེགས་ཀྱི་རྩྭ་སོན་ཏུན9.56འགྲེམ་གཏོང་བྱས་པ་དང་།མི་སེར་རྣམས་ལ་ལག་ལེན་དངོས་ཀྱིས་རྩྭ་སོན་འདེབས་ལུགས་དང་གསོ་སྐྱོང་བྱ་ལུགས་སོགས་ཀྱི་ལག་རྩལ་བསླབས་པ་རེད།
    ཐེངས་འདིའི་རིན་མི་དགོས་པར་རྩྭ་སོན་འགྲེམ་གཏོང་བྱ་བ་ནི་འགག་པ་ཤང་གིས་ཧུར་ཐག་གིས་འབྲོག་བསྐྱུར་རྩྭ་སྤེལ་གྱི་ལས་གྲྭ་དོན་འཁྱོལ་བྱས་པ་དང་།གཏིང་ཟབ་པའི་སྒོ་ནས་སྐྱེ་ཁམས་ཅན་གྱི་འགག་པ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ཐབས་ཇུས་སྐུལ་སྤེལ་བྱས་པ་རེད།ཤང་གི་ཕྱོགས་བསྡུས་ཞབས་ཞུ་ས་ཚུགས་ཀྱིས་ཕན་འབྲས་ལྡན་པའི་སྒོ་ནས་ཞིང་འབྲོག་མང་ཚོགས་ལ་ཡང་དག་པའི་རྩྭ་སོན་རྨོ་འདེབས་དང་གསོ་སྐྱོང་བྱེད་ཐབས་མཛུབ་ཁྲིད་བྱས་པ་དང་།མང་ཚོགས་ཀྱིས་ཀྱང་རིན་མི་དགོས་པར་རྩྭ་སོན་འགྲེམ་གཏོང་བྱ་བ་ལ་བསྟོད་པ་ལྷུག་པོར་བརྗོད་པ་རེད།
    ཐེངས་འདིའི་རྩྭ་སོན་རྨོ་འདེབས་བྱས་པ་དེས་འགག་པ་ཤང་གི་བྱེ་ཐང་དུ་འགྱུར་ཉེན་ཡོད་པའི་རྩྭ་ཐང་འགའ་ལ་བཅོས་སྐྱོང་བྱས་པ་དང་།“སྐྱེ་ཁམས་དང་མཛེས་སྡུགའཆམ་མཐུན་དང་བདེ་སྐྱིད་ལྡན་པའི་འགག་པ”འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཆེན་པོ་འདོན་པ་རེད།
  • ལེ་ཚན་སྔོན་མ།:ཡེ་ཤེས་ཟླ་བས་ཐོན་ཁུངས་མཐུན་རྐྱེན་གསར་སྦོལ་གཏོང་སྐབས་ངེས་པར་དུ་འདུ་ཤེས་ཆེན་པོ་དྲུག་ཇེ་དྲག་ཏུ་འཛིན་དགོ
  • ལེ་ཚན་རྗེས་མ།:ཞིང་ལས་ཉེན་འགོག་གིས་ཞིང་པའི་དཔལ་འབྱོར་ཡོང་འབབ་འགན་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།