དཔལ་ཡུལ་རྫོང་གིས་ནགས་ཚལ་མེ་འགོག་གི་དྲིལ་བསྒྲགས་ལས་ཀ་སྤེལ།
དབྱངས་ཅན་གྱིས་བསྒྱུར། 2014-04-01
ཉེ་ཆར།དཔལ་ཡུལ་རྫོང་ནགས་ལས་ཅུས་ཀྱིས་ལས་སྒྲུབ་ཚོ་ཆུང4བཙུགས་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ནགས་ཚལ་མེ་འགོག་གི་དྲིལ་བསྒྲགས་དང་ཞིབ་བཤེར་ལས་ཀ་སྤེལ་ནས།གཙོ་གནད་དུ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་ས་ཁག4ལ་ཞིབ་བཤེར་བྱས་ནས་མེ་འགོག་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་སྟབས། རྩ་བ་ནས་རི་ལ་མེ་ཁུངས་དོ་དམ་བྱ་རྒྱུ་དམ་འཛིན་བྱས་པ་རེད།
ལས་སྒྲུབ་ཚོ་ཆུང་གིས་ཤང་དང་དཔལ་ཡུལ་རྫོང་གིས་ནགས་ཚལ་མེ་འགོག་གི་དྲིལ་བསྒྲགས་ལས་ཀ་སྤེལ།༼གྲོང་རྡལ༽སོ་སོ་རུ་གྲོས་ཚོགས་འཚོགས་ནས་ནགས་ཚལ་མེ་འགོག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་དང་རི་ལ་མེ་སྤྱོད་པའི་ཤེས་བྱ་འགྲེལ་བཤད་བྱས།ཤང་ཏང་ཨུ་དང་སྲིད་གཞུང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཏན་ཏིག་གིས་འགན་འཁྲི་ལག་བསྟར་བྱས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཁག་གིས་རོགས་ལས། མང་ཚོགས་མཉམ་ཞུགས། མཉམ་འཛིན་དོ་དམ་བཅས་བྱེད་པའི་ནགས་ཚལ་མེ་འགོག་གི་ལས་ཀའི་རྣམ་པ་ཞིག་ཆགས་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་དང་། སྔར་ལྷག་གིས་འགན་འཁྲི་བདའ་འདེད་གཏོང་བ་དང་། རང་འགན་རང་ཁུར།སྟོབས་ཤུགས་གཅིག་སྒྲིམ་གྱིས་མཉམ་ལས་བཅས་བྱས་ནས་ཐུན་མོང་དུ་ནགས་ཚལ་མེ་འགོག་གི་ལས་ཀ་ཡག་པོ་བསྒྲུབས་པ་རེད།མེ་འགོག་དུས་སྐབས་ནང་ཆུ་ཚོད24རིང་འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་ལས་སྒྲུབ་མི་སྣས་སྡོད་རེས་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས།ཁྱོན་ཡོངས་ནས་ནགས་ཚལ་མེ་སྐྱོན་གྱི་གནས་ཚུལ་རྟོགས་ཐུབ་པ་བྱས་ཏེ་མེ་སྐྱོན་ཐག་གཅོད་ཀྱི་ལས་ཀ་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པར་ཁག་ཐེག་བྱས།མེ་སྐྱོན་གྱི་གནས་ཚུལ་བྱུང་བར་སེམས་ཐག་གཙང་བཅད་ཀྱིས་དུས་ཚོད་དང་པོར་ཞིབ་བཤེར་བྱེད་ཐུབ་པ་དང་མེ་སྐྱོན་གྱི་གནས་ཚུལ་དུས་ཚོད་དང་པོར་གོང་ལ་ཞུས་ཐུབ་པ་རྒྱུན་འཁྱོངས་བྱས་པ་དང་། མེ་སྐྱོན་གྱི་གནས་ཚུལ་ཁོངས་སྒྲིལ་སྡེ་ཁག་ལ་སྙན་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། མེ་སྐྱོན་ཡོད་ན་ངེས་པར་དུ་སྙན་ཞུ་བྱེད་ཐུབ་པ་དང་། ཕྱིར་འགྱངས་དང་། སྙན་ཞུ་བྱེད་ནོར་བ། སྙན་ཞུ་བྱ་རྒྱུ་ཆད་ལྷག་བྱུང་བ་བཅས་མེད་པར་བཟོས་པ་རེད།