ཁུལ་ཡོངས་ཀྱི་ཞིང་ལས་ལས་ཀའི་གྲོས་ཚོགས་ཐོག་ཞིང་ལས་མཆོང་བརྒལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་ཞིང་པའི་ཡོང་འབབ་རྒྱུན་སྲིང་འཕར་སྣོན་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བླང་བྱ་བཏོན།

སྐལ་ཐུབ་ཀྱིས་བསྒྱུར།        2014-03-06

  ཟླ་བ3པའི་ཚེས3ཉིན། ཁུལ་ཡོངས་ཀྱི་ཞིང་ལས་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་ཨུའི་ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཁེ་གྲོས་ཚོགས་སུ་ཞུགས་ནས་གསུང་བཤད་གནང་བ་དང་།ཁུལ་དཔོན་གཞོན་པ་ཧྲུའུ་ཏ་ཁྲུན་གྱིས་གྲོས་ཚོགས་གཙོ་འགན་བཞེས་པ་རེད།
    ཚོགས་ཐོག་ན་ལོར་ཁུལ་ཡོངས་ཀྱི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི111.6ལ་བསླེབས་པ་དང་། ཐོན་ཚད་བསྡོམས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད་ཅིང་ཏུན་ཁྲི25.29ལ་བསླེབས་ནས་ལོ་གོང་མ་ལས་བརྒྱ་ཆ7.25འཕར་པས་འཕར་སྣོན་བྱུང་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་གྱུར།
    ཚོགས་ཐོག་ད་ལོའི་ཞིང་ལས་ལས་ཀར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ལམ་ལ་གཞིགས་ནས་ཞིང་ལས་མཆོང་བརྒལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་ཞིང་པའི་ཡོང་འབབ་རྒྱུན་སྲིང་འཕར་སྣོན་ཡོང་བ་དེ་བརྗོད་བྱ་གཙོ་བོར་བྱེད་དགོས། ཞིང་སྡེ་བཅོས་བསྒྱུར་བྱ་རྒྱུར་སྐུལ་འདེད་དང་། ཞིང་ལས་ཚོང་གཉེར་ནང་རྐྱེན་གསར་སྐྲུན་བྱེད་པ། ཞིང་ལས་ལ་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཞིང་ལས་ཐོན་རྫས་གྲགས་ཅན་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་དམ་འཛིན་བྱེད་ཡུལ་དུ་བྱས་པ། འབྲུ་རིགས་ཉེན་མེད་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་ཡོང་བ། ཞིང་ལས་ཐོན་རྫས་ནུས་ལྡན་ངང་མཁོ་སྤྲད་བྱེད་པ་བཅས་འགན་སྲུང་བྱ་རྒྱུ་དེ་དམིགས་འབེན་བྱས་པ། ཐོན་ལས་ཆེན་པོ་དྲུག་གསོ་སྤེལ་བྱ་རྒྱུ་གཙོ་གནད་བཅས་བྱས་ཏེ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་པའི་ཡོང་འབབ་རྒྱུན་སྲིང་འཕེལ་རྒྱས་ཡོང་བ་ཁག་ཐེག་བྱས་ནས་ཁུལ་ཡོངས་ཀྱི་ཞིང་ལས་ལོ་ཏོག་གི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི131.5ལ་ཟིན་རྒྱུའི་དམིགས་འབེན་འགྲུབ་གང་ཐུབ་བྱེད་དགོས་ཞེས་བསྟན་པ་རེད།
    ཁུལ་དང་རྫོང་།ཁེ་ལས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་གྲོས་ཚོགས་སུ་ཞུགས་པ་རེད། 
  • ལེ་ཚན་སྔོན་མ།:རོང་བྲག་ཏུ་ལྗོངས་རྒྱུ་གཞུང་ལམ་གཉིས་ལས་འགོ་ཚུགས།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་གིས་དགོན་པ་རུ་མེ་གསོད་ཡོ་བྱད་འགྲེམ་གཏོང་བྱས།
  • དོ་སྣང་ཆེ་བའི་རྩོམ།