རོང་བྲག་ཏུ་ལྗོངས་རྒྱུ་གཞུང་ལམ་གཉིས་ལས་འགོ་ཚུགས།
ལྷ་འཛོམས་ཀྱིས་བསྒྱུར། 2014-03-06
ཟླ་བ3པའི་ཚེས3ཉིན། ཁྲེང་ཏུའུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཁྲེང་ཧྭ་ས་ཁུལ་གྱིས་རོང་བྲག་རྫོང་ལ་ལས་རོགས་བྱེད་པའི་གཙོ་གནད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་ཉེ་དགའ་ནས་དཔའ་དབང་བར་གྱི་གཞུང་ལམ་དྲ་སྦྲེལ་དང་གྱ་གྱུ་བོད་གྲོང་གི་ལྗོངས་རྒྱུ་གཞུང་ལམ་དངོས་སུ་ལས་འགོ་ཚུགས་པ་རེད།
ཉེ་དགའ་ནས་དཔའ་དབང་བར་གྱི་གཞུང་ལམ་དྲ་བ་སྤྱིའི་རིང་ཚད་སྤྱི་ལེ5.477ཡོད་པ་དང་ལམ་ངོས་ཞེང་ཚད་སྨི6ཡོད་པ། འགྱིག་སྣུམ་དང་ཨར་འདམ་བསྲེས་མའི་ལམ་ངོས་ཡིན་ཞིང་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི2985འཇོག་པ་ཚང་མ་ཁྲེང་ཧྭ་ཆུས་ཀྱིས་གཏོང་རྒྱུ་དང་། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་ཨར་ལས་འགྲུབ་ཐུབ་རྒྱུ་རེད། གྱ་གྱུ་བོད་གྲོང་གི་ལྗོངས་རྒྱུ་གཞུང་ལམ་སྤྱིའི་རིང་ཚད་སྤྱི་ལེ11.34ཡོད་པ་དང་ལམ་ངོས་ཞེང་ཚད4.5ནས7.5བར་ཡོད་པ་དང་།འགྱིག་སྣུམ་དང་ཨར་འདམ་བསྲེས་མའི་ལམ་ངོས་ཡིན་ཞིང་། ཁྲེང་ཧྭ་ཆུས་ཀྱིས་མ་དངུལ་སྒོར་ཁྲི2000གཏོང་འཇོག་བྱས་ནས་སྔོན་རྩིས་བྱས་ན་སང་ལོའི་ཟླ་བ3པར་ཨར་ལས་འགྲུབ་ཐུབ་རྒྱུ་རེད། གཞུང་ལམ་དེ་གཉིས་ལས་ཚར་རྗེས་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་ཐིག 211པ་དང་སྦྲེལ་བས་གྱ་གྱུ་ལྗོངས་རྒྱུ་སྐོར་ལམ་དུ་ཆགས་རྒྱུ་རེད།