རང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་བཏང་བའི་མ་དངུལ་བརྒྱ་ཆ93.9འཕར་བ།

        2014-01-14

 ཁུལ་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་ཚན་ཁག་གི་བསྡོམས་རྩིས་ལྟར་ན།ན་ལོའི་ཟླ་བ་དང་པོ་ནས9པའི་བར། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་མ་དངུལ་སྒོར་དུང་ཕྱུར་92.43བཏང་ཡོད་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ93.9འཕར་བ་དང་གཏན་འཇགས་རྒྱུ་ནོར་མ་དངུལ་གྱི་བརྒྱ་ཆ་31.4བཟུང་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་ཐད་བྱས་རྗེས་འཇོག་ཚད་བརྒྱ་ཆ79.2ཡིན། གཏན་འཇགས་རྒྱུ་ནོར་ཐད་གཏོང་འཇོག་བྱས་པའི་མ་དངུལ་བརྒྱ་ཆའི་གྲངས18.9འཕར་ཡོད། ཟླ་བ་དེར་མ་དངུལ་སྒོར་དུང་ཕྱུར15.39གཏོང་ཡོད་པས་ཟླ་བ་གོང་མ་ལས་བརྒྱ་ཆ15.5འཕར་ཡོད། དེའི་ནང་རྒྱལ་སྲུང་གཞུང་ལམ317པའི་ལམ་ཐིག་འགོ་ཡག་ཐང་ནས་སྐམ་ཐོག་བར་མ་དངུལ་སྒོར་དུང་ཕྱུར11.37 གཏོང་ཡོད། རྒྱལ་སྲུང་གཞུང་ལམ318པའི་ལམ་ཐིག་འགོ་ལོག་ཐོག་ནས་མཚོ་ལའི་བར་མ་དངུལ་སྒོར་དུང་ཕྱུར་7.70གཏོང་ཡོད། དཀར་མཛེས་ནས་དཔལ་ཡུལ་བར་གྱི་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར་5.52གཏོང་ཡོད། ཞིང་ཆེན་རིམ་པའི་གཞུང་ལམ་217པའི་ལམ་ཐིག་དཀར་མཛེས་ནས་བྱང་པ་བར་གྱི་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར3.44གཏོང་ཡོད། ཞིང་ཆེན་རིམ་པའི་གཞུང་ལམ་217པའི་ལམ་ཐིག་མ་ཎི་གད་འགོ་ནས་སེར་ཤུལ་བར་གྱི་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར5.14གཏོང་ཡོད། ཞིང་ཆེན་རིམ་པའི་གཞུང་ལམ་215པའི་ལམ་ཐིག་ཝ་ཁྲལ་ནས་བརྒྱད་ཟིལ་བར་གྱི་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར་3.71གཏོང་ཡོད། ཞིང་ཆེན་རིམ་པའི་གཞུང་ལམ་217 དང་216 པའི་ལམ་ཐིག་ལི་ཐང་ནས་ཉི་སྟེན་བར་གྱི་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར་8.14གཏོང་ཡོད། རྒྱལ་སྲུང་གཞུང་ལམ་317པའི་ལམ་ཐིག་ཁྲོ་ལའི་ཕུག་ལམ་ཐད་མ་དངུལ་སྒོར་དུང་ཕྱུར་2.10གཏོང་ཡོད།
  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་གྱིས་དུག་འགོག་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་བྱེད་སྒོ་སྤེ
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་གཙོ་བོའི་ཐོན་ཚད་ཕྱོགས་ཡོངས་ནས་འཕར་སྣོན་བྱུང་ཡོད།
  • དོ་སྣང་ཆེ་བའི་རྩོམ།