ལྕགས་ཟམ་རྫོང་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་གྱིས་དུག་འགོག་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་བྱེད་སྒོ་སྤེལ།

        2014-01-14

ལྕགས་ཟམ་རྫོང་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་གྱིས་དུག་འགོག་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་བྱེད་སྒོ་སྤེ

 ཉེ་ཆར། ལྕགས་ཟམ་རྫོང་སྤྱི་བདེ་ཅུས་ཀྱི་དུག་འགོག་དུག་བཤེར་རུ་ཆེན་གྱིས་ལས་སྒྲུབ་མི་སྣ་རྩ་འཛུགས་བྱས་ནས་རྫོང་དེའི་སློབ་གྲྭ་ཆུང་འབྲིང་དུ་ཕྱིན་ནས་ཚེ་སྲོག་ལ་གཅེས་སྤྲས་དང་དུག་རྫས་ལས་རིང་དུ་བྲལ་བ་ཞེས་པའི་བརྗོད་བྱ་གཙོ་བོར་བྱས་པའི་དུག་འགོག་ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། མི་དམངས་ཉེན་རྟོག་པ་ཚོས་ན་ཆུང་བྱིས་པ་རྣམས་ལ་དུག་རྫས་གཏན་འགོག་བྱེད་དགོས་ན་ཐོག་མར་དུག་འགོག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཅི་ཞིག་ལ་དུག་རྫས་ཟེར་བ་དང་། དུག་འཐེན་ན་དབྱིངས་ཞུགས་སླ་ཞིང་གཅོད་དཀའ་བ། དུག་རྫས་ཀྱི་གནོད་པ། དུག་རྫས་ཉོ་ཚོང་སོགས་ཁྲིམས་ལས་འགལ་བའི་ཆད་གཅོད་མཇུག་འབྲས་བཅས་ཤེས་དགོས་པ་བཞི་ཤེས་དགོས་པ་བཤད་ནས་སློབ་མ་ཚོར་དུག་རྫས་ཀྱི་གནོད་པ་ཤེས་སུ་བཅུག་པ་དང་དུག་འགོག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་རེད།
  • ལེ་ཚན་སྔོན་མ།:ཁུལ་ཨུས་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་བཏང་བའི་མ་དངུལ་བརྒྱ་ཆ93.9འཕར་བ།
  • དོ་སྣང་ཆེ་བའི་རྩོམ།