སྡེ་རོང་རྫོང་གི་འགྲིམ་འགྲུལ་དང་གློག་ཤུགས་ཕལ་ཆེར་ཉམས་གསོ་བྱས་ཚར།
ལྷ་འཛོམས་ཀྱིས་བསྒྱུར། 2013-09-09
ཟླ་བ9པའི་ཚེས2ཉིན་ལ་སླེབས་དུས།རྫོང་དེས་མྱུར་སྐྱོབ་ཉེན་སེལ་ལས་སྒྲུབ་མི་སྣ1280མངགས་ནས་འགུལ་འགོག་གནོད་སེལ་བྱས་པར་བརྟེན།གནོད་སྐྱོན་ཐེབས་ཡུལ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་རིམ་བཞིན་ལེགས་བཅོས་བྱས་ཡོད་པ་རེད།
མིག་སྔར་གནོད་སྐྱོན་ཐེབས་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ105བཙུགས་ནས་དུད་ཚང2907བཀོད་སྒྲིག་བྱས་ཡོད།མལ་ཆས1170དང་འབྲས་རྒྱ་མ22560།བཟའ་སྣུམ་རྒྱ་མ3400།གནོད་ཐེབས་མང་ཚོགས་ཀྱི་རྩ་བའི་འཚོ་བར་འགན་སྲུང་ཐུབ་ཡོད།
ས་འགུལ་ཡོང་རྗེས།ལྗོངས་རྒྱུ་བ17སྐེད་ཤོད་དང་རྩེ་གན་ཤང་བར་ལ་བཀག་པ།རྫོང་དེས་ལམ་སང་འགུལ་འགོག་གནོད་སེལ་བཀོད་འདོམས་པུའུ་ཡིས་རོགས་སྐྱོབ་མི་སྣ་སྒྲིག་འཛུགས་བྱས་ནས་ལྗོངས་རྒྱུ་བ་ཚང་མར་ཉེན་ཁ་མེད་སར་སྐྱེལ་བ་རེད།