ཆུས་མུའུ་ཧྲི་ཧ་ཡིས་ཞིང་ཆེན་གྱི་ལས་སྒྲུབ་ཚོ་ཆུང་ཁྲིད་ནས་སྡེ་རོང་རྫོང་རྩེ་གན་ཤང་དུ་གནོད་སྐྱོན་ཐེབས་ཚུལ་ལ་ཞིབ་གཟིགས་གནང་།

སྒྲོལ་མ་ཚེ་མཚོས་བསྒྱུར།        2013-09-06

ཟླ་བ9པའི་ཚེས4ཉིན་གྱི་སྔ་དྲོར་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ཆུས་མུའུ་ཧྲི་ཧ་ཡིས་ཞིང་ཆེན་གྱི་ལས་སྒྲུབ་ཚོ་ཆུང་ཁྲིད་ནས་སྡེ་རོང་རྫོང་གི་ཟླ་བ8པའི་ཚེས28ཉིན་དང་ཚེས31ཉིན་གྱི་ས་འགུལ་ཡོང་སའི་རྩེ་གན་ཤང་དུ་ཕེབས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གནོད་སྐྱོན་ཐེབས་པའི་མང་ཚོགས་ལ་བྱམས་བརྩེ་ཐུགས་ཁུར་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གནོད་སྐྱོན་ཐེབས་ཚུལ་ཞིབ་གཟིགས་གནང་སར་ཕེབས་རོགས་བྱས་ནས་གནོད་སྐྱོན་ཐེབས་པའི་མང་ཚོགས་དང་རྨས་མ་མྱུར་སྐྱོབ་བྱེད་མཁན་མི་སྣ་ལ་འཚམས་འདྲི་གནང་བ་རེད།
ཆུས་མུའུ་ཧྲི་ཧ་སྡེ་རོང་རྫོང་གི་རྩེ་གན་ཤང་དང་མཐའ་སྐོར་གྱི་ཤང་དང་གྲོང་ཚོའི་གནོད་སྐྱོན་ཐེབས་ཚུལ་ལ་ཞིབ་གཟིགས་གནང་བ་དང་།གནོད་སྐྱོན་ཐེབས་པའི་ས་ཁུལ་གྱི་ལོག་ཉེན་ཡོད་པའི་ཁང་པར་ཚད་མི་འདྲ་བའི་གྱོ ང་གུན་ཕོག་ཡོད་པར་མཐོང་རྗེས།ཆུས་མུའུ་ཧྲི་ཧ་ཡིས་གསུངས་རྒྱུར།ཁང་པ་མང་པོ་ལོག་མེད་ནའང་།འོན་ཀྱང་ཚང་མ་ལོག་ཉེན་ཡོད་པས་མང་ཚོགས་ཚོ་ཁྱིམ་ནང་ལོག་ནས་གཏན་ནས་སྡོད་དུ་འཇུག་རྒྱུ་མེད།གནོད་སྐྱོན་ཐེབས་པའི་མང་ཚོགས་བཀོད་སྒྲིག་བྱེད་སར་ཕེབས་སྐབས།ཆུས་མུའུ་ཧྲི་ཧ་ཡིས་མང་ཚོགས་ལ་གསུངས་རྒྱུར།ས་འགུལ་ཡོང་ནས་ཁྱོད་ཚོ་ལ་གནོད་སྐྱོན་ཐེབས་པ་ནི་གནས་སྐབས་ཙམ་ཡིན་ཞིང་།ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ནས་དཀའ་ངལ་ཁྱེད་བསད་བྱེད་དགོས།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ས་གནས་ཏང་ཨུ་སྲིད་གཞུང་བཅས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་རོགས་རམ་བྱེད་བཞིན་ཡོད་ཅིང་།གནོད་སྐྱོན་ཐེབས་ཁུལ་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་པར་ཡིད་ཆེས་བྱེད་དགོས།
ཆུས་མུའུ་ཧྲི་ཧ་ཡིས་ནན་གསུང་གནང་རྒྱུར།སྔར་ལྷག་གིས་ས་འགུལ་ཡོང་སའི་གདེང་འཇོག་ཚོད་དཔག་སྔོན་བརྡ་བཏང་བ་དང་། གནས་ཚུལ་ལ་དབྱེ་ཞིབ་ཡག་པོ་བྱས་ནས་སྔར་ལྷག་གིས་གནོད་སྐྱོན་དཔྱད་སྡུར་ཚོད་དཔག་བྱས་ནས་ཕྱིན་ཆད་འགུལ་འགོག་གནོད་སེལ་བར་བརྒལ་བཀོད་སྒྲིག་བྱེད་པ་དང་།གནོད་སྐྱོན་ཐེབས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས།
  • ལེ་ཚན་སྔོན་མ།:ཉི་སྟེན་གནམ་ཐང་གི་གནམ་གྲུ་སྒུག་ཁང་གི་ཐོག་ཁང་ལས་གྲྭ་དེ་ལས་མཇུག་བསྡུས་པའི་དུས་རིམ་དུ་བསླེབས།
  • ལེ་ཚན་རྗེས་མ།: སྡེ་རོང་རྫོང་གི་འགྲིམ་འགྲུལ་དང་གློག་ཤུགས་ཕལ་ཆེར་ཉམས་གསོ་བྱས་ཚར།
  • དོ་སྣང་ཆེ་བའི་རྩོམ།