ཐེངས་དང་པོའི་ཁམས་པའི་རིག་གནས་རིག་གཞུང་སྤེལ་རེས་བགྲོ་གླེང་ཚོགས་འདུ་འཚོགས།

ཡེ་མིང་།        2013-08-29

  ཟླ་བ8པའི་ཚེས21ཉིན་དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པའི་ཐེངས་དང་པོའི་ཁམས་པའི་རིག་གནས་རིག་གཞུང་སྤེལ་རེས་བགྲོ་གླེང་ཚོགས་འདུ་དེ་སྡེ་དགེ་རྫོང་དུ་འཚོགས་པ་རེད།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཡེ་ཤེས་ཟླ་བ་བགྲོ་གླེང་ཚོགས་འདུའི་ནང་ཞུགས་ནས་གསུང་བཤད་གནང་བ་རེད།
    བགྲོ་གླེང་ཚོགས་འདུའི་ནང་ཞུགས་མཁན་ཆེད་རམས་པ་ཚོས་ཁམས་པའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་བརྗོད་བྱ་ལ་དམིགས་ནས་གཏམ་བཤད་བྱས་པ་རེད།
    ཡེ་ཤེས་ཟླ་བས་ནན་གསུང་གནང་རྒྱུར། རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་ནི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱས་ཇེ་མགྱོ གས་འགྲོ་བའི་དགོས་མཁོ་ཡིན་ལ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་སྤེལ་གཏོང་ཆེད་ཀྱང་ཡིན་པ་རེད། ཏང་གིས་བོད་ཁུལ་དུ་སྲིད་སྐྱོང་བྱེད་པའི་ཐོབ་ཐང་གི་གལ་ཆེའི་གནད་དོན་དང་འབྲེལ་བ་ཆེན་པོ་ཡོད་པར་བརྟེན།རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་དམ་འཛིན་བྱས་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱས་པ་དང་། རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་དམ་འཛིན་བྱས་པ་ནི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་གི་རྣམ་པར་སྲུང་སྐྱོང་བྱས་པ་རེད། ཡེ་ཤེས་ཟླ་བས་གསུངས་རྒྱུར། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ཚོས་རིག་གནས་ལས་ཀར་དམ་འཛིན་ཡག་པོ་བྱས་ཏེ་རིག་གནས་ཀྱི་རིག་གཞུང་ལ་སློབ་སྦྱོང་དང་རིག་གནས་ཀྱི་གནད་དོན་ཐད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བར་བརྟེན། རྒྱུན་ཆད་མེད་པར་རིག་གནས་ཀྱི་བྱང་ཚད་མཐོར་འདེགས་བྱས་ནས་རིག་གནས་འཛུགས་སྐྲུན་ལ་འགོ་ཁྲིད་འཇོན་ཞིང་བྱང་ཆུབ་པ་ཞིག་བྱེད་གང་ཐུབ་བྱེད་དགོས།འདི་ནི་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་དང་དར་རྒྱས་ཆེན་པོ་གཏོང་རྒྱུའི་ཐད་བཏོན་པའི་རེ་འདུན་ཡང་ཡིན་པ་རེད།
    ཡེ་ཤེས་ཟླ་བས་བསྟན་དོན། མི་རིགས་ཀྱི་རིག་གནས་ལ་རྒྱུས་མངའ་མེད་པ་དང་མི་རིགས་ཀྱི་རིག་གནས་མི་ཤེས་མཁན་གྱི་ལས་བྱེད་པ་ཞིག་གིས་མི་རིགས་ལས་ཀ་ཡག་པོ་སྒྲུབ་ཐུབ་དཀའ་མོ་རེད། མི་རིགས་སྐད་ཡིག་ལ་སློབ་སྦྱོང་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་མངའ་རྒྱུས་ལོན་ནས་མི་རིགས་རིག་གནས་ཁོང་དུ་ཆུད་པ་ནི་མི་རིགས་ལས་དོན་ཡག་པོ་སྒྲུབ་སའི་འགག་རྩ་ཡིན་པ་རེད། རིག་གནས་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་ནི་འགོ་ཁྲིད་ལས་བྱེད་པའི་སྤྱོད་པའི་མཚོན་ཚུལ་ཡིན་ལ། འགོ་ཁྲིད་ལས་བྱེད་པའི་དོར་ཐབས་མེད་པའི་འགན་འཁྲི་ཡང་ཡིན་པ་རེད། མི་རིགས་རིག་གནས་ཀྱི་སློབ་གསོ་དམ་འཛིན་ཡག་པོ་བྱས་ན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པ་འཕེལ་རྒྱས་གཏོང་བའི་འདུ་ཤེས་དང་འཇོན་ནུས་གསོ་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད། མི་རིགས་རིག་གནས་ཀྱི་ཐོན་ལས་གསོ་སྐྱོང་འཕེལ་རྒྱས་གཏོང་བ་ནི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱས་གཏོང་ཡས་ཀྱི་སྒུལ་ཤུགས་གཙོ་བོ་ཡིན་པ་རེད།དེར་བརྟེན་ང་ཚོས་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག མི་རིགས་རིག་གནས་ཞིབ་འཇུག་བྱ་རྒྱུར་དམ་འཛིན་བྱས་ཏེ་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་མི་རིགས་རིག་གནས་ཀྱི་ལས་ཀར་ཞབས་ཕྱི་ཡག་པོ་སྒྲུབ་དགོས།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཁུལ་རིམ་པའི་དེང་རབས་ཀྱི་ཞིང་ལས་གཙོ་གནད་རྫོང་དང་མུའུ་ཁྲིའི་དཔེ་སྟོན་ས་གནས་ཁག་དང་པོར་མིང་བ
  • ལེ་ཚན་རྗེས་མ།:ཧུའུ་ཁྲང་ཧྲེང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་རུ་རང་ཁུལ་གྱི་མང་ཚོགས་ལས་ཀ་སྒྲུབ་ཚུལ་སྙན་སེང་ཞུ།
  • དོ་སྣང་ཆེ་བའི་རྩོམ།