རང་ཁུལ་གྱིས་ཁུལ་རིམ་པའི་དེང་རབས་ཀྱི་ཞིང་ལས་གཙོ་གནད་རྫོང་དང་མུའུ་ཁྲིའི་དཔེ་སྟོན་ས་གནས་ཁག་དང་པོར་མིང་བཏགས་པ།

ཨན་རུང་མེས་བསྒྱུར།        2013-08-29

ཉེ་ཆར་རྫོང་སོ་སོའི་མི་དམངས་སྲིད་གཞུང་གིས་རང་མོས་ཀྱིས་ཡིག་ཐོག་སྙན་སེང་ཞུ་བ་དང་།ཁུལ་ཞིང་ལས་ཅུས་ཀྱིས་ཞིབ་དཔྱད་གདེང་འཇོག་བྱེད་པ།ཁུལ་སྲིད་གཞུང་གིས་ཆོག་མཆན་སྤྲད་ནས་གཏན་འཁེལ་བྱས་པར་བཅས་བརྒྱུད་ནས།ཐེངས་དང་པོར་ལྕགས་ཟམ་དང་རོང་བྲག སྡེ་རོང་།དར་མདོ།བརྒྱད་ཟིལ། རྟའུ།དཀར་མཛེས་བཅས་རྫོང7ལ་ཁུལ་རིམ་པའི་དེང་རབས་ཀྱི་ཞིང་ལས་གཙོ་གནད་རྫོང་ཁག་དང་པོའི་མིང་བཏགས་པ་དང་། དེང་རབས་ཀྱི་ཞིང་ལས་མུའུ་ཁྲིའི་དཔེ་སྟོན་ས་གནས30གཏན་འཁེལ་དང་མིང་བཏགས་པ།དེའི་ནང་དཀར་མཛེས་དང་དར་མདོ།བྲག་འགོ ཉག་རོང་།སྡེ་དགེ སེར་ཤུལ། ལི་ཐང་།འདབ་པ་བཅས་ཀྱི་མུའུ་ཁྲིའི་ནས་འདེབས་འཛུགས་ཀྱི་ཐོན་མཐོ་དཔེ་སྟོན་ས་གནས9དང་།དར་མདོ་དང་ལྕགས་ཟམ།རོང་བྲག བརྒྱད་ཟིལ། ཉག་ཆུ།སྡེ་རོང་བཅས་མུའུ་ཁྲིའི་མ་རྨོས་ལོ་ཏོག་འདེབས་འཛུགས་ཀྱི་ཐོན་མཐོ་དཔེ་སྟོན་ས་གནས6 དར་མདོ་དང་ལྕགས་ཟམ།རོང་བྲག བརྒྱད་ཟིལ།རྟའུ།དཀར་མཛེས།འབའ་ཐང་བཅས་མུའུ་ཁྲིའི་ཞོག་ཁོག་འདེབས་འཛུགས་ཀྱི་ཐོན་མཐོ་དཔེ་སྟོན་ས་གནས7 ལྕགས་ཟམ་གྱི་མུའུ་ཁྲིའི་ཡུངས་དཀར་འདེབས་འཛུགས་ཀྱི་ཐོན་མཐོ་དཔེ་སྟོན་ས་གནས་གཅིག རོང་བྲག་གི་མུའུ་ཁྲིའི་གྲོ་འདེབས་འཛུགས་ཀྱི་ཐོན་མཐོ་དཔེ་སྟོན་ས་གནས་གཅིག ལྕགས་ཟམ་གྱི་མུའུ་ཁྲིའི་སྔོ་ཚལ་འདེབས་འཛུགས་ཀྱི་དཔེ་སྟོན་ས་གནས་གཅིག ལྕགས་ཟམ་གྱི་མུའུ་ཁྲིའི་མོ་ཡུས་འདེབས་འཛུགས་ཀྱི་དཔེ་སྟོན་ས་གནས་གཅིག ལྕགས་ཟམ་དང་ཕྱག་ཕྲེང་གི་མུའུ་ཁྲིའི་དམིགས་ཚད་ཅན་གྱི་འབྲས་ཤིང་ལྡུམ་ར2 རོང་བྲག་དང་སྡེ་རོང་གི་མུའུ་ཁྲིའི་རྒུན་འཛུགས་དཔེ་སྟོན་ས་གནས2བཅས་འདུས་ཡོད།
    ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་དེང་རབས་ཀྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་མགྱོ གས་སུ་བྱུང་བ་དང་།སྤུས་ཚད་མཐོ་བ།ཕན་འབྲས་བཟང་བ།ནང་རྐྱེན་གསར་བ་བཅས་ཀྱི་དེང་རབས་ཀྱི་ཞིང་ལས་ཐོན་ལས་རྟེན་གཞིའི་གཙོ་གནད་རྫོང་དང་དེང་རབས་ཀྱི་ཞིང་ལས་མུའུ་ཁྲིའི་དཔེ་སྟོན་ས་གནས་ཆགས་པ་དེས་ཁུལ་ཡོངས་ཀྱི་དེང་རབས་ཀྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་ཡོང་བ་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བར་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཡོད།མིང་བཏགས་པར་བརྒྱུད།ཁུལ་ཡོངས་ཀྱིས་ཐོན་ལས་འཛིན་པ་དང་རྟེན་གཞི་འཛུགས་པའི་ཁོར་ཡུག་བཟང་པོ་བསྐྲུན་པ་དང་།ཐོན་ལས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་མཐོ་རུ་གཏོང་བ།མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཞིང་འབྲོག་ལས་རིགས་འཕེལ་རྒྱས་ཡོང་བ་དང་ཞིང་པའི་ཡོང་འབབ་རྒྱུན་མཐུད་དུ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་ཡོད།
  • ལེ་ཚན་སྔོན་མ།: ཉག་རོང་རྫོང་གི་བྱེད་སྒོ་བཞི་ཞེས་པའི་སྒྲོག་འགྲེལ་ཚོགས་པ་གྲོང་སྡེར་བསྐྱོད།
  • ལེ་ཚན་རྗེས་མ།:ཐེངས་དང་པོའི་ཁམས་པའི་རིག་གནས་རིག་གཞུང་སྤེལ་རེས་བགྲོ་གླེང་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།