རང་ཁུལ་གྱི་ཡུལ་སྐོར་ཐོན་རྫས་ཁྱབ་སྤེལ་ངོ་སྤྲོད་བྱེད་པའི་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས།

        2013-07-12

རང་ཁུལ་གྱི་ཡུལ་སྐོར་ཐོན་རྫས་ཁྱབ་སྤེལ་ངོ་སྤྲོད་བྱེད་པའི་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས།
   ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཁྱབ་སྤེལ་ངོ་སྤྲོད་བྱེད་པའི་ཚོགས་འདུ་ཐོག་ཤིས་ཚིག་འབུལ་བ།རང་ཁུལ་གྱི་ཡུལ་སྐོར་ཐོན་རྫས་ཁྱབ་སྤེལ་ངོ་སྤྲོད་བྱེད་པའི་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས།


ཁུལ་དཔོན་ཡེ་ཤེས་ཟླ་བས་ཡུལ་སྐོར་ཐོན་རྫས་ཁྱབ་སྤེལ་ངོ་སྤྲོད་བྱེད་བཞིན་པ།རང་ཁུལ་གྱི་ཡུལ་སྐོར་ཐོན་རྫས་ཁྱབ་སྤེལ་ངོ་སྤྲོད་བྱེད་པའི་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས།


དཀར་མཛེས་དང་ཀོང་ཏུང་གཉིས་ཀྱིས་ཡུལ་སྐོར་མཉམ་ལས་གྲོས་མོལ་ཆིངས་ཡིག་བཞག་པ།
 

ཟླ་བ7པའི་ཚེས9ཉིན།  དཀར་མཛེས་ཁུལ་ཨུ་དང་སྲིད་གཞུང་གིས་གཙོ་གཉེར་བྱེད་པའི་དར་མདོ་མཛའ་གཞས་ཀྱི་ཕ་ཁྱིམ་མཐའ་མཇུག་གི་སེམས་ཀྱི་ཉི་ཟླ་སྟེ་དྲི་མེད་གནས་མཆོག་དཀར་མཛེས་ཁུལ་ནས་ཀོང་ཏུང་དུ་སྐྱོད་པ་ཞེས་པའི་བརྗོད་བྱ་གཙོ་བོར་བྱེད་པའི་རིག་གནས་ཡུལ་སྐོར་དང་མ་འཇོག་མཉམ་ལས་ཁྱབ་སྤེལ་ངོ་སྤྲོད་བྱེད་པའི་རིགས་འབྲེལ་བྱེད་སྒོའི་ནང་གསེབ་སྟེ་སི་ཁྲོན་དཀར་མཛེས་བོད་ཁུལ་ཡུལ་སྐོར་ཐོན་རྫས་ཁྱབ་སྤེལ་ངོ་སྤྲོད་བྱེད་པའི་བྱེད་སྒོ་དེ་ཀོང་ཀྲོའུ་ཀྲུའུ་ཅང་དུ་གཟབ་རྒྱས་ངང་སྤེལ་བ་རེད།     ཁྱབ་སྤེལ་ངོ་སྤྲོད་ཚོགས་འདུའི་ཡུལ་དངོས་སུ་དཀར་མཛེས་ཁུལ་དང་ཀོང་ཏུང་བར་ཡུལ་སྐོར་མཉམ་ལས་བྱེད་པའི་གྲོས་མོལ་ཡི་གེ6ཆིངས་འགོད་བྱས་པ་རེད།    ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་ཀོང་ཏུང་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཁའེ་ཧྲན།  སི་ཁྲོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་མན་བཅས་ཀྱིས་ཤིས་ཚིག་ཕུལ་ཞིང་ཁུལ་དཔོན་ཡེ་ཤེས་ཟླ་བས་ཡུལ་སྐོར་ཀྱི་གནས་ཚུལ་ཁྱབ་སྤེལ་ངོ་སྤྲོད་གནང་བ་རེད།   ཧུའུ་ཁྲང་ཧྲེང་གིས་དཀར་མཛེས་ཁུལ་ནི་རང་བྱུང་ལྷུན་གྲུབ་ཀྱི་མཛེས་ལྗོངས་ལྡན་ཞིང་སླད་མེད་རིག་གནས་ཀྱི་གཏིང་ཚད་མཐུག་ལ་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཆ་ཞིག་ཡིན།  ང་ཚོས་དྭངས་གཙང་གི་སེམས་པ་ཁུར་ནས་དར་སྤེལ་ཆེ་བའི་མེ་ཏོག་གི་གྲོང་ཁྱེར་ཀོང་ཀྲོའུ་ལ་གྲོགས་པོ་རྣམ་པ་དང་མཐོ་སྒང་གི་བརྗིད་ཆགས་ཡུལ་ལྗོངས་ལ་ངེས་ཤེས་བྱེད་པ་དང་།  རིག་གནས་ཀྱི་བྲོ་བ་མཉམ་མྱོང་བྱེད་པ།  ཐུན་མོང་གིས་མཉམ་ལས་དང་འཕེལ་རྒྱས་ཀྱི་ཚོང་གཉེར་གོ་སྐབས་འཚོལ་དུ་ཡོང་བ་ཡིན།  ང་ཚོས་ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་ཏང་ཨུས་བོད་ཁུལ་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ལྟར་ཀྲུང་གོའི་ས་ཡོངས་ཡུལ་སྐོར་གྱི་སྔོན་སྐྱོད་ས་ཁུལ་དང་།  འཛམ་གླིང་གི་ཆེས་བཟང་བའི་ཡུལ་སྐོར་ས་ཆ་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཚད་ལ་དམིགས་ནས།ཡུལ་སྐོར་ཐོན་ལས་ས་ཡོངས་ལ་ཁྱབ་པ་དང་།  ཡུལ་སྐོར་ལྗོངས་ཁུལ་ས་ཡོངས་ནས་མཉམ་འགུལ་བྱེད་པ།  ཡུལ་སྐོར་ཐོན་རྫས་ས་ཡོངས་ནས་ལེགས་འགྱུར་གཏོང་བ།   ཡུལ་སྐོར་སྐོར་ལམ་ས་ཡོངས་ནས་གཅིག་གྱུར་འཆར་འགོད་བྱེད་པ།  ཡུལ་སྐོར་ཐོན་རྫས་ས་ཡོངས་ནས་སྡེབ་སྒྲིག་བྱེད་པ།  ཡུལ་སྐོར་ཁྲོམ་རར་ས་ཡོངས་ནས་ཚོང་གཉེར་བྱེད་པ་བཅས་མངོན་འགྱུར་ཡོང་བར་འབད་འབུངས་བྱས་ཏེ་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཡུལ་སྐོར་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རྒྱུ་ཡིན།  ཀོང་ཏུང་ལས་རིགས་ཁག་གི་གྲོགས་པོ་ཚོ་དཀར་མཛེས་ཁུལ་ལ་མཐོ་སྒང་གི་མཛེས་ལྗོངས་མཉམ་མྱོང་དང་།གཡུར་ཟའི་གྲུབ་འབྲས་མཉམ་སྐྲུན།   མདུན་ལམ་བཟང་པོ་མཉམ་གཏོད་བཅས་བྱེད་དུ་ཕེབས་པར་སྙིང་ཐག་པ་ནས་གདན་འདྲེན་ཞུ་རྒྱུ་ཡིན་གསུངས་པ་རེད།      ཀྲོའུ་ཁེ་ཧྲན་གྱིས་ཡུལ་སྐོར་ནི་བརྗེ་རེས་དང་མཛའ་མཐུན་ཇེ་ཟབ་ཏུ་གཏོང་བའི་ཟམ་པ་དང་བར་སྨྱན་ལྟ་བུ་ཡིན།ང་ཚོས་སི་ཁྲོན་དང་།  ལྷག་པར་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་ལག་གདང་སྦྲེལ་ནས་མུ་མཐུད་དེ་དཔལ་འབྱོར་སྤྱི་ཚོགས་བརྗེ་རེས་འགྲོ་འོང་བྱ་རྒྱུར་ཟབ་སྤེལ་གཏོང་ཞིང་།  ཐུན་མོང་གིས་ཡུལ་སྐོར་མཉམ་ལས་ཀྱི་བསམ་ཕྱོགས་གསར་པ་ཇུས་འགོད་བྱེད་པ།  ཐུན་མོང་གིས་ཡུལ་སྐོར་མཉམ་ལས་ཀྱི་སྟེགས་གཞི་གསར་པ་སྐྲུན་པ།  ཐུན་མོང་གིས་ཡུལ་སྐོར་མཉམ་ལས་ཀྱི་འཕེལ་རྒྱས་གསར་པ་སྐུལ་སྤེལ་གཏོང་བ་བཅས་བྱ་རྒྱུའི་འདོད་བློ་དང་རེ་བ་ཡོད་ཅེས་གསུངས་པ་རེད།   ཁུལ་དཔོན་ཡེ་ཤེས་ཟླ་བསPPTབརྙན་འཕྲིན་ཐུང་ངུ་དང་ཟུང་འབྲེལ་བྱས་ནས་དཀར་མཛེས་ཁུལ་གྱི་རྩ་བའི་གནས་ཚུལ་དང་།ཡུལ་སྐོར་ཀྱི་ཁྱད་ཆོས།  འཕེལ་རྒྱས་ཀྱི་གོ་སྐབས།  སྐོར་ལམ་ལེགས་ཤོས་བཅས་ཀྱི་ཐོག་ནས་ཡུལ་སྐོར་ཁྱབ་སྤེལ་ངོ་སྤྲོད་གནང་བ་མ་ཚད་ཐེངས་འདིའི་རིགས་འབྲེལ་བྱེད་སྒོ་སྤེལ་བར་བརྒྱུད་དེ་ཁྱོན་ཡོངས་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་མཛེས་ཉམས་ངོ་སྤྲོད་དང་འགྲེམ་སྤེལ་བྱ་རྒྱུ་ཁོ་ན་ཙམ་མ་ཡིན་པར། དྲིལ་བསྒྲགས་དང་བརྗེ་རེས་བྱས་པར་བརྟེན་ནས་སྔར་ལྷག་གིས་ཀོང་ཏུང་གི་ཡུལ་སྐོར་ལས་རིགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཀོང་ཏུང་གི་ཡུལ་སྐོར་བ་དེ་བས་མང་པོ་དཀར་མཛེས་ཁུལ་ལ་ཡུལ་སྐོར་ཡོང་ནས་མི་ཡུལ་གྱི་མཛེས་ལྗོངས་མཉམ་དུ་ལོངས་སུ་སྤྱོད་པའི་བསམ་ཚུལ་ཡང་ཡོད།  ང་ཚོས་ཁོག་རྒྱ་ཡངས་ཤིང་སྒོ་འབྱེད་ཀྱི་རྣམ་འགྱུར་དང་ཞབས་ཞུ་སྤུས་ལེགས་བཅས་ཀྱིས་ཚང་མ་དཀར་མཛེས་ཁུལ་དུ་རྟོག་ཞིབ་དང་མ་འཇོག་ཡུལ་སྐོར་བཅས་བྱེད་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 
ཀོང་ཀྲོའུ་གྲོང་ཁྱེར་དང་།སི་ཁྲོན་ཞིང་ཆེན། དཀར་མཛེས་ཁུལ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་རྣམ་པ་ཡུལ་སྐོར་ཐོན་རྫས་ཁྱབ་སྤེལ་ཚོགས་འདུར་ཕེབས་ཤིང་ཀོང་ཏུང་དང་ཤང་ཀང་སོགས་ཀྱི་འབྲེལ་ཡོད་སྐུ་མགྲོན་དང་ཡུལ་སྐོར་ཁང་ངམ་ཚོགས་པ60ལྷག་ཚོགས་འདུར་ཞུགས་པ་རེད།

 


 

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཁམས་པའི་སྐོར་བྲོ་དགོང་ཚོགས་ཀོང་ཀྲོའུ་ལ་འཚོགས།
  • ལེ་ཚན་རྗེས་མ།:བརྒྱད་ཟིལ་རྫོང་གིས་སྟར་ཀ་ལས་སྣོན་གྱི་ཁེ་ལས་དང་པོ་དངོས་སུ་འཛུགས་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།