བརྒྱད་ཟིལ་རྫོང་གིས་སྟར་ཀ་ལས་སྣོན་གྱི་ཁེ་ལས་དང་པོ་དངོས་སུ་འཛུགས་འགོ་ཚུགས།

ཀུན་དགས་བསྒྱུར།        2013-07-15

ཉེ་ཆར། བརྒྱད་ཟིལ་རྫོང་ཞང་རུའེ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས་སྟར་ཀ་ལས་སྣོན་བཟོ་གྲྭ་འཛུགས་པའི་མཛད་སྒོ་དེ་རྫོང་དེའི་འུ་ལ་ཆི་ཤང་ཕེན་ཆའོ་གྲོང་སྡེར་སྤེལ་ནས་རྫོང་དེའི་སྟར་ཀ་ལས་སྣོན་ཁེ་ལས་དང་པོ་འཛུགས་པ་མཚོན།
    སྟར་ཀ་ལས་སྣོན་བཟོ་གྲྭ་དེ་ཞང་རུའེ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས་འཕེལ་རྒྱས་གཙོ་བོ་བྱེད་པའི་རྣམ་གྲངས་ཤིག་ཡིན་པ་དང་།སྤྱད་པའི་ས་རྒྱ་མུའུ་60ཡོད་པ་དང་སྤྱིའི་མ་དངུལ་གཏོང་གྲངས་སྒོར་ཁྲི2480ཡོད་པ། སྔོན་དཔག་བྱས་ན་ད་ལོའི་ཟླ་བ10པར་རྣམ་གྲངས་གྲུབ་རྒྱུ་ཡིན་པས་མ་ཚད་ཚོད་ལྟའི་ལས་འགོ་ཚུགས་རྒྱུ་ཡིན་པ་དང་།སང་ལོའི་ཟླ་བ3པར་ཐོན་སྐྱེད་བྱེད་འགོ་དངོས་སུ་ཚུགས་རྒྱུ་རེད། རྣམ་གྲངས་དེས་གཙོ་བོ་སྟར་ཀ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ལ་ལས་སྣོན་ཟབ་མོ་བྱ་རྒྱུ་རེད། རྣམ་གྲངས་དེ་ལས་འགོ་བཙུགས་རྗེས་ལོ་རེར་སྟར་ཀའི་སྣུམ་ཏུན40ཐོན་ཐུབ་རྒྱུ་དང་ཡོང་འབབ་སྒོར་ཁྲི2400འགྲུབ་ཐུབ་པ།ལོ་རེར་སྟར་ཀའི་འཐུང་ཆུ་ཏུན1000 ཐོན་ཐུབ་པ་དང་ཕྱིར་འཚོང་གི་ཡོང་འབབ་སྒོར་ཁྲི600འགྲུབ་ཐུབ་རྒྱུ་རེད། ལོ་རེར་གཏེར་ཆུ་ཏུན1000ཐོན་སྐྱེད་བྱས་ནས་ཕྱིར་འཚོང་གི་ཡོང་འབབ་སྒོར་ཁྲི300འགྲུབ་ཐུབ་པ་བཅས་ཀྱིས་སྔོན་དཔག་བྱས་ན་ལོ་རེར་ཁྱོན་བསྡོམས་ཐོན་སྐྱེད་ཀྱི་རིན་ཐང་སྒོར་ཁྲི3300ཐོག་སླེབས་ཐུབ་པ་དང་ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་གྲངས་སྒོར་ཁྲི660དངོས་སུ་འགྲུབ་ཐུབ་རྒྱུ་དང་། ལས་ཞུགས་ལས་གནས60གསར་སྣོན་དང་མཐའ་སྐོར་གྱི་སྟར་ཀ་འདེབས་འཛུགས་དུད་ཚང300སྣེ་ཁྲིད་བྱེད་པ།རྣམ་གྲངས་དེའི་སྣེ་ཁྲིད་འོག་མཐའ་སྐོར་ས་ཁུལ་གྱི་སྟར་ཀ་འདེབས་རྒྱ་རྒྱུན་མི་ཆད་པར་རྒྱ་ཆེ་རུ་ཕྱིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་སྣོན་ཆེན་པོ་བྱུང་བ་དང་ཆབས་ཅིག སྟར་ཀ་ལས་སྣོན་ཟབ་མོ་བྱེད་པ་དེས་ད་དུང་ཤ་མོ་དང་གཡེར་མ། ལྷད་མེད་ཤ་དང་བྱ་རིགས་སོགས་ཞིང་ཞོར་ཐོན་རྫས་ལས་སྣོན་ལ་སྣེ་ཁྲིད་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཡུལ་སྐོར་ཐོན་རྫས་ཁྱབ་སྤེལ་ངོ་སྤྲོད་བྱེད་པའི་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་སྙིང་སྟོབས་སྤྱད་ནས་མང་ཚོགས་ལས་ཀའི་སྒུལ་ཤུགས་སྟོབས་ལྡན་བསྐྲུན་དགོས།
  • དོ་སྣང་ཆེ་བའི་རྩོམ།