ཁུལ་དང་རྫོང་གི་སེམས་མཐུན་ཕྱོགས་མཐུན་གཞུང་ལས་ཁང་གིས་དགོན་པའི་གྲྭ་བཙུན་རྣམས་ལ་འཚམས་འདྲི་ཞུ།

        2014-11-29

ཟླ11པའི་ཚེས28ཉིན་ཁུལ་དང་རྫོང་གི་སེམས་མཐུན་ཕྱོགས་མཐུན་གྱི་གཞུང་ལས་ཁང་དར་མདོ་རྫོང་མི་ཉག་དགོན་ཆེན་དུ་འཚམས་འདྲི་ཞུས་ཤིང་ཞལ་འདེབས་ཕུལ་བའི་བྱེད་སྒོ་སྤེལ། དར་མདོར་ས་འགུལ་བྱུང་རྗེས་མི་ཉག་དགོན་ཆེན་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་རྣམས་མགྱོགས་མྱུར་དུ་དགོན་པར་གནོད་སྐྱོན་ཞིབ་གཤེར་བྱས་པ་དང་། དགོན་པའི་གྲྭ་བཙུན་རྣམས་ལ་སེམས་གསོ་བྱས་པ་མ་ཚད། ས་འགུལ་ལ་བྱོལ་བའི་གུར33ཕུབ་ལ། ཉལ་གོས475སྤྲད་པ་རེད། བྱ་འགུལ་ནང་དུ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མི་ཉག་དགོན་ཆེན་གྱི་ས་འགུལ་ནང་ལ་རང་ཉིད་རང་སྐྱོབ་བྱེད་པ་ལ་གདེང་འཇོག་ཆེན་པོ་བྱས་མ་ཟད། གྲྭ་བཙུན་རྣམས་ཀྱིས་གཏམ་འཆལ་མི་བཀྲམ་པ་དང་། གཏམ་འཆལ་ལ་ཡིད་ཆེས་མི་བྱེད་ཅིང་འབྲོག་མི་ཚོར་ས་འགུལ་ལ་བྱོལ་ཐབས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་རེ་བ་བཅངས་པ་རེད།
  • ལེ་ཚན་སྔོན་མ།:དར་མདོར་ད་དུང་ས་འགུལ་ཆེན་པོ་འབྱུང་རྒྱུ་ཡོད་ཟེར་བའི་གཏམ་འཆལ་ལ་ཡིད་ཆེས་མི་དགོས།
  • ལེ་ཚན་རྗེས་མ།:ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ་གོམ་གང་མདུན་སྤོས་ཀྱིས་དར་མདོའི་ས་འགུལ་གྱི་འགུལ་འགོག་རྒུད་སྐྱོབ་ལས་ཀར་བཀོད་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།