
སྤྱི་ཟླ11ཚེས27ཉིན་གསར་འགོད་པས་དཀར་མཛེས་ཁུལ་སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས2014ལོའི་ཐེངས12པའི་གྲོས་ཚོགས་ལས་ཤེས་རྟོགས་བྱུང་བ་ལྟར་ན།ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ལས་ཡོན་ཡ་ཞུན་ལ་ཁུལ་ཡོངས་ཀྱི་འགུལ་འགོག་གནོད་སེལ་གྱི་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་གནང་བ་རེད།
རྒྱུན་ལས་ཨུ་ཡོན་གྲོས་ཚོགས་འགོ་བརྩམ་པ་དང་ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ནས་འགུལ་འགོག་གནོད་སེལ་ཁྲོད་དུ་སྐུ་གཤེགས་པའི་དཔའ་བོ་ཡོན་ཡ་ཞུན་ལ་དུས་ཡུན་སྐར་མ་གསུམ་གྱི་རིང་ལ་མྱ་ངན་ཞུས་པ་རེད། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ལས་བློ་མཐུན་ཡོན་ཡ་ཞུན་ནི་འགུལ་འགོག་གནོད་སེལ་ལས་ཀའི་ཁྲོད་ཀྱི་སྔོན་ཐོན་མིག་དཔེ་དང་གཞི་རིམ་ཏང་ཡོན་ལས་བྱེད་པའི་ཕུལ་བྱུང་གི་འཐུས་ཚབ་པ། དཀར་མཛེས་མི་དམངས་ཀྱི་ང་རྒྱལ་ཡིན་པའི་ངོས་འཛིན་གནང་བ་རེད།ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་སྡེ་ཁག་སོ་སོས་བློ་མཐུན་ཡོན་ཡ་ཞུན་ལ་སློབ་སྦྱོང་བྱེད་དགོས་པ་དང་ཁོང་གི་ཕུལ་བྱུང་གི་སྤྱོད་བཟང་དར་སྤེལ་གཏང་དགོས་པ་མ་ཟད། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་རྒྱུན་འཁྱོངས་བྱེད་དགོས་ལ། སེམས་ཤུགས་གཅིག་སྒྲིལ་གྱིས་དཀར་མཛེས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་ལ་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན་པ་རེད།