མི་ཉག་རྫོགས་ཆེན་སློབ་གྲྭས་གནས་སྐབས་སྤྱོད་པའི་ཁང་བ་བསྐྲུན་ཏེ་ཚེས་28ཉིན་སློབ་ཁྲིད་ཀྱི་རྒྱུན་བསྐྱང་རྒྱུ་རེད།

        2014-11-27

སྤྱི་ཟླ11པའི་ཚེས22དང་ཚེས25ཉིན་གཉིས་ལ་ས་འགུལ་ཐེངས་གཉིས་ལ་བྱུང་བས་རང་ཁུལ་གྱི་སློབ་གསོའི་ལས་ཀ་ལའང་དཀའ་ཁག་མི་ཉུང་བ་ཕྲད་པ་མ་ཟད། གནོད་ཐེབས་ས་ཁུལ་གྱི་སློབ་གྲྭ་འགའ་རེའི་སློབ་ཁྲིད་ཐོག་ཁང་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་དང་།གནོད་ཐེབས་སློབ་གྲྭ་དེ་དག་གི་སློབ་ཁྲིད་ཐོག་ཁང་ལ་འཛུགས་སྐྲུན་ཆེད་མཁས་པས་ཉེན་མེད་ཁག་ཐེག་གིས་བཀོད་འདོམས་འོག་ཟླ12པའི་ཚེས1ཉིན་སློབ་ཁྲིད་ཀྱི་རྒྱུན་བསྐྱང་རྒྱུ་ཡིན་ལ། མི་ཉག་རྫོགས་ཆེན་སློབ་གྲྭའི་ལོ་རིམ་དགུ་པ༼དམའ་འབྲིང་གསུམ་པའི༽ཁྱོན་བསྡོམས་སློབ་མ237ལ་སློབ་གྲྭའི་རྩྭ་ཐང་ནས་སློབ་ཁང་གི་ཚབ་ཏུ་གནས་སྐབས་སྤྱོད་ཆོག་པའི་ཁང་བ་བསྐྲུན་ཏེ་ཚེས28ཉིན་དངོས་སུ་སློབ་ཁྲིད་ཀྱི་རྒྱུན་བསྐྱང་ཐུབ་རྒྱུ་རེད།  
  • ལེ་ཚན་སྔོན་མ།:ས་འགུལ་གནོད་ཐེབས་ཁུལ་གྱི་མང་ཚོགས་རྣམས་ལ་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་རྒྱུན་ཨུ་གྲོས་ཚོགས་ལས་ཡོན་ཡ་ཞུན་ལ་འགུལ་འགོག་གནོད་སེལ་གྱི་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་གནང་བ་རེད།
  • དོ་སྣང་ཆེ་བའི་རྩོམ།