ཨེར་ལང་རི་བོའི་ཕུག་ལམ་གྱི་ཨར་ལས་བདེ་བླག་ངང་ལས་བཞིན་ཡོད།

(དབྱངས་ཅན་གྱིས་བསྒྱུར།)        2013-04-23

ཨེར་ལང་རི་བོའི་ཆེས་རིང་བའི་ཕུག་ལམ་ནི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ཨར་ལས་གཙོ་བོ་ཡིན། མིག་སྔར། ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་ཅུས་བཅུ་གཉིས་པའི་ཚོགས་པས་བསྐྲུན་པའི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དོང་ལམ་གཉིས་ལྡན་གྱི་ལམ་དུམ་བུ(ལྕགས་ཟམ་རྫོང་གི་གཞུང་ལམ་དུམ་བུ)ཨེར་ལང་རི་བོའི་ཕུག་ལམ་གྱི་ཨར་ལས་འཛུགས་སྐྲུན་ལས་ཀ་བདེ་བླག་ངང་ལས་བཞིན་ཡོད།  ཟླ་བ3པའི་ཚེས27ཉིན་གསར་འགོད་པ་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམགྱི་དོང་ལམ་གཉིས་ལྡན་གྱི་ལམ་དུམ་བུ་ཡོད་ས་ལྕགས་ཟམ་རྫོང་ཝུའུ་ལི་ལུང་པའི་ཕུག་ལམ་འཛུགས་སྐྲུན་བྱེད་སར་སླེབས་སྐབས། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཨེར་ལང་རི་བོའི་ཆེས་རིང་བའི་ཕུག་ལམ་གྱི་དོང་ལམ་གཉིས་ལྡན་གྱི་ལམ་དུམ་བུའི་རྣམ་གྲངས་ཀྱི་སྤྱི་གཉེར་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ངོ་སྤྲོད་བྱས་དོན། མིག་སྔའི་བར་དུ་སླེབས་དུས་ཕུག་ལམ་དེའི་གཡོན་ཕྱོགས་སུ་རིམ་བསགས་ཀྱིས་བརྩིས་ན་སྨི718དང་ཐེངས་གཉིས་པར་ཕུག་ལམ་སྲ་བརྟན་གཏོང་སྐབས་སྨི 610བརྐོ་འདྲུ་བྱས་ཡོད་པ་དང་། ཕུག་ལམ་གྱི་གཡས་ཕྱོགས་སུ་རིམ་བསགས་ཀྱིས་བརྩིས་ན་སྨི360དང་ཐེངས་གཉིས་པར་ཕུག་ལམ་སྲ་བརྟན་གཏོང་སྐབས་སྨི260བརྐོ་འདྲུ་བྱས་ཡོད། ད་ལོ་ཡས་མས་ཕྱིར་བུད་ཐོན་སའི་དུང་ལམ་ཁག་དབྱེ་ན་སྨི1200སྔོག་འདོན་བྱེད་ཐུབ་རྒྱུ་ཡིན་པ་དང་། ཕུག་ལམ་ནང་ཐོན་རྫས་རིམ་ཐང་སྒོར་དུང་ཕྱུར1.08བསྒྲུབ་རྒྱུའི་འཆར་གཞི་ཡོད།གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཨེར་ལང་རི་བོའི་ཆེས་རིང་བའི་ཕུག་ལམ་དེ་ཐེན་ཆོན་རྫོང་ལིའང་ལུའུ་ཤང་གི་ཁྲང་ཧའོ་ཆུ་རགས་ནས་འགོ་བཙུགས་པ་དང་ལྕགས་ཟམ་རྫོང་གི་ཝུའུ་ལི་ལུང་པའི་བར་མཚམས་འཇོག་པ་ཡིན་ལ་གཞུང་ལམ་ཡོངས་ཀྱི་གཙོ་གནད་ལྡན་ཞིང་དཀའ་གནད་ཆེ་བ། ཚོད་འཛིན་རང་བཞིན་ལྡན་པ་བཅས་ཀྱི་ཨར་ལས་ཤིག་ཡིན་པ་དང་། ལྷོ་ནུབ་ས་ཁུལ་གྱི་འཛུགས་སྐྲུན་བྱེད་བཞིན་པའི་མྱུར་བགྲོད་གཞུང་ལམ་གྱི་ཆེས་རིང་བའི་ཕུག་ལམ་དང་པོ་ཡིན།ཕུག་ལམ་གྱི་གཡོན་ཕྱོགས་རིང་ཚད་སྨི13433དང་གཡས་ཕྱོགས་ལ་སྨི13381ཡོད། གཞུང་ལམ་གཙོ་བོར་ཁ་ཕྱོགས་གཉིས་མཉམ་སྐྱོད་དང་རླངས་འཁོར་བཞི་གཤིབས་གཏོང་ཆོག་པའི་མྱུར་བགྲོད་གཞུང་ལམ་གྱི་ལག་རྩལ་དམིགས་ཚད་ལྟར་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ80དང་ལམ་གཞི་ཧྲིལ་པོའི་ཞེང་ཁ་སྨི24.5ཡོད། ཁག་འབྱེད་པའི་ལམ་གཞིའི་ཞེང་ཁ་སྨི12.25བཅས་ལྡན་པའི་གཞུང་ལམ་ཇུས་འགོད་བྱས། རླངས་འཁོར་གྱི་ལྗིད་ཤུགས་ཐེག་ཚད་རིམ་པ་དང་པོའི་གཞུང་ལམ་ཡིན།ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་ཅུས་བཅུ་གཉིས་པའི་ཚོགས་པས་བསྐྲུན་པའི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དོང་ལམ་གཉིས་ལྡན་ས་མཚམས་ཀྱི་གཞུང་ལམ་རིང་ཚད་སྤྱི་ལེ9.390དང་། ཨེར་ལང་རི་བོའི་ཕུག་ལམ་ཕྱིར་ཐོན་སའི་ཨར་ལས་ཀྱི་རིང་ཚད་གཡོན་ཕྱོགས་སུ་སྨི་6748ཡོད་པ་དང་གཡས་ཕྱོགས་སུ་རིང་ཚད་སྨི6693ཡོད། ཨར་ལས་གཙོ་བོ་ནི་གཞུང་ལམ་གཙོ་བོའི་ཕུག་ལམ་4ལ་རིང་ཚད་སྨི་15045ཡོད།གསེག་ཁྲོན་ཕུག་ལམ་2ལ་རིང་ཚད་སྨི3935ཡོད། འབྲེལ་མཐུད་གཞུང་ལམ་ཕུག་ལམ་2ལ་རིང་ཚད་སྨི1453.943ཡོད།ལྕགས་ཟམ་རྫོང་དུ་ཕར་ཚུར་གཏོང་ཐུབ་པའི་ཟམ་པ་ལངས་གཟུགས་སྣོལ་མ་གཅིག་ཡོད། ཟམ་ཆེན13ལ་རིང་ཚད་སྨི་3820.38ཡོད། ཟམ་པ་འབྲིང་བ་10ལ་རིང་ཚད་སྨི546ཡོད། ཨར་འདམ་ལྕགས་རྩིབས་མས་བཟོས་པའི་ཕུག་ལམ་4ཡི་པང་ལེབ་ཀྱི་རིང་ཚད་98.5ཡོད། ཨར་འདམ་ལྕགས་རྩིབས་མས་བཟོས་པའི་རླངས་འཁོར་གྱི་ཕུག་ལམ་6ལ་རིང་ཚད་སྨི165.5 བཅས་ཡོད་ཨར་ལས་བྱེད་ཡུན་ནི་ཟླ་བ66གི་འཆར་གཞི་ཡོད།
  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་གིས་འགྲིམ་འགྲུལ་གྱི་གཏོར་བརྒལ་དམིགས་ཡུལ་གཏན་ཁེལ་བྱས།
  • ལེ་ཚན་རྗེས་མ།:དར་མདོ་ས་ཁུལ་གྱི་གྲོང་དམངས་ཚོས་ཚང་ཁ་ཤིག་ཤིག་གིས་ལུའུ་ཧྲན་དུ་ས་འགུལ་གྱི་གནོད་སྐྱེན་ཐེབས་ཁུལ་ལ་ཞལ་འདེབ
  • དོ་སྣང་ཆེ་བའི་རྩོམ།