སྡེ་དགེ་རྫོང་གིས་འགྲིམ་འགྲུལ་གྱི་གཏོར་བརྒལ་དམིགས་ཡུལ་གཏན་ཁེལ་བྱས།

(དབྱངས་ཅན་གྱིས་བསྒྱུར།)        2013-04-23

ད་ལོ་ནས་2015ལོའི་བར། རྫོང་དེས་ལོ་གསུམ་གྱི་དུས་ཚོད་སྤྱད་ནས་རིགས་སྣ་ཚོགས་ཀྱི་ཞིང་སྡེའི་གཞུང་ལམ་སྤྱི་ལེ1056བསྐྲུན་རྒྱུ་ཡིན་པ་དང་། དེའི་ནང་ཤང་དུ་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ301.6དང་། གྲོང་གསེབ་ཏུ་སླེབས་ཐུབ་པའི་གཞུང་ལམ་སྤྱི་ལེ་558.3159 །གྲོང་གསེབ་ཏུ་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་196.520བཅས་འདུས་ཡོད། ཉེན་ཆེའི་ཟམ་པ13བསྒྱུར་བཀོད་དང་ཟམ་པ་གསར་པ78གསར་སྐྲུན་བྱ་རྒྱུ་དང་བདེ་འཇགས་སྲུང་སྐྱོང་གི་ཨར་ལས་སྤྱི་ལེ120.755ལག་བསྟར་བྱས་ནས་སྲིད་འཛིན་གྲོང་ཚོ28ཀྱི་མི་གྲངས13000ཡི་གཞུང་ལམ་ཐོག་འགྲོ་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཐུབ་རྒྱུ་རེད།
  དམིགས་ཡུལ་དེ་མངོན་འགྱུར་ཡོང་བར་འགན་སྲུང་བྱེད་ཆེད། རྫོང་དེས་ཕྱོགས་བཞིའི་ཐད་ནས་བླང་བྱ་བཏོན་ཡོད་པ་སྟེ། གཅིག་ནི་གསར་གཏོད་ལྷོད་མེད་དང་ནང་རྐྱེན་འཛུགས་གཉེར་དང་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གིས་གཙོ་ཁྲིད་དང་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་འཛུགས་སྐྲུན་གྱི་སྒྲིག་གཞི་རྒྱུན་འཁྱོངས་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་ཁ་གསབ་རོགས་དངུལ་བརྩོན་ལེན་བྱེད་གང་ཐུབ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ནོར་སྲིད་ཀྱིས་མ་དངུལ་འཇོག་རྒྱུ་གཙོ་བོ་བྱས་པ། རིན་པ་ཁག་གི་སྲིད་གཞུང་གི་འགན་འཁྲི་གསལ་པོ་དང་ནོར་ཤུགས་དང་དོན་གཅོད་བྱེད་དབང་འགྲིག་མཐུན་ཡིན་པའི་ཞིང་སྡེའི་གཞུང་ལམ་ཐད་ཀྱི་མ་རྩ་སྡུད་གཏོང་གི་ཕན་ཡུན་རིང་བའི་ནང་རྐྱེན་སྐུལ་འདེད་དང་འཛུགས་སྐྱོང་བྱེད་གང་ཐུབ་བྱེད་པ། གཉིས་ནི་འཕེལ་རྒྱས་ལྷོད་མེད་གཏོང་བ་དང་། ཡུལ་བབ་དང་བསྟུན་པ། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་བྱེད་པ། རྒྱལ་ཁབ་ཀྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་མ་དངུལ་འཇོག་པའི་གོ་སྐབས་དམ་འཛིན་བྱས་ནས། མུ་མཐུད་དེ་གཞི་རིམ་དུ་ཕྱིན་པ་དང་ཡུལ་བབ་དང་བསྟུན་པ། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་བྱ་རྒྱུ་བཅས་བྱས་ཏེ། ཁྱོན་ཡོངས་ནས་རྫོང་དེའི་འགྲིམ་འགྲུལ་གྱི་རྨང་གཞི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལས་ཀ་ཡག་ཅིང་མགྱོ གས་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གསུམ་ནི་འཚོལ་ཞིབ་ལྷོད་མེད་བྱས་ནས་གཅིག་གྱུར་གྱི་དཔལ་འབྱོར་དང་འགྲིམ་འགྲུལ་འཕེལ་རྒྱས་ཡོང་བར་བྱེད་པ། གཞུང་ལམ་གཙོ་བོའི་གནས་ཚུལ་ཆེས་ཞན་པའི་རྣམ་པ་འཕོ་འགྱུར་བཏང་ནས། འགྲིམ་འགྲུལ་འཕེལ་རྒྱས་ཀྱི་གནས་ཚུལ་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་འཕྲོད་པ་དང་། ཞིང་སྡེའི་འགྲུལ་སྐྱེལ་གྱི་སྤུས་ལེགས་ཞབས་ཞུའི་ཁོར་ཡུག་གསར་སྐྲུན་བྱེད་གང་ཐུབ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱིས་འགྲིལ་འགྲུལ་འཕེལ་རྒྱས་ལ་སྐུལ་ཤུགས་བཏོན་པ། བཞི་ནི་སློབ་སྦྱོང་ལྷོད་མེད་བྱས་ནས་འགྲིམ་འགྲུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད།  སྲིད་གཙང་འཛུགས་སྐྱོང་གི་ལས་ཀ་ཟབ་ཏུ་སྤེལ་ནས་ཚོགས་པའི་རྨང་གཞི་འདིང་བ། སྔར་ལྷག་གིས་འགོ་ཁྲིད་ཚོགས་པ་དང་། ལས་བྱེད་དཔུང་སྡེ། སྲིད་འཛིན་ཁྲིམས་འཛིན་དཔུང་སྡེ། ཆེད་གཉེར་ཤེས་ལྡན་མི་སྣའི་དཔུང་སྡེ་བཅས་འཛུགས་སྐྱོང་བྱས་ནས། ནུས་ཤུགས་གང་ཡོད་ཀྱིས་གཞན་ལས་ལྷག་པའི་སྒོས་འཐབ་ཐུབ་པ་དང་།  དཀའ་ལས་རྒྱག་ཐུབ་པ། བྱས་རྗེས་འབུལ་ཐུབ་པ་བཅས་ཀྱི་འགྲིལ་འགྲུལ་གྱི་དམག་དཔུང་བསྐྲུན་གང་ཐུབ་བྱེད་དགོས་པ་བཅས་རེད།
  • ལེ་ཚན་སྔོན་མ།:འདབ་པ་རྫོང་གིས་ལྗོངས་རྒྱུ་རིག་གནས་ཀྱི་གཙོ་ཁྲིད་ཐོན་ལས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:ཨེར་ལང་རི་བོའི་ཕུག་ལམ་གྱི་ཨར་ལས་བདེ་བླག་ངང་ལས་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།