ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དར་མདོ་རུ་འཚོགས།

(སྒྲོལ་མ་ཚེ་མཚོས་བསྒྱུར།)        2013-04-18

གྲོས་ཚོགས་ཀྱིས་གཙོ་གནད་ཚོད་ཐིག་པ་དང་གཏོར་བརྒལ་བྱེད་ཕོད་པ།འཕེ
ལ་རྒྱས་མགྱོ གས་པོ་གཏོང་བ།དཔལ་འབྱོར་དམའ་རིམ་ནས་གཏོར་རྒལ་ཡོང་གང་ཐུབ་བཅས་བྱས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གྱི་རྨི་ལམ་འགྲུབ་པ་བྱེད་ཆེད་འབད་བརྩོན་བྱེད་དགོས་ཞེས་བླང་བྱ་བཏོན།
ཟླ་བ3པའི་ཚེས30ཉིན་ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དེ་དར་མདོ་རུ་འཚོགས་པ་རེད། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཀྲུང་དབྱང་།ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་།2012ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་ལས་ཀར་ཕྱིར་མིག་ལྟ་བ་དང་ཕྱོགས་བསྡོམས་བྱས་ཤིང་ཚན་རིག་དང་མཐུན་པར་མིག་སྔར་གྱི་དཔལ་འབྱོར་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ།ད་ལོར་ཁུལ་ཡོངས་ཀྱི་དཔལ་འབྱོར་ལས་ཀར་བཀོད་སྒྲིག་བྱས་པ།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྐུལ་སློང་དང་སྣེ་ཁྲིད་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ།བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་ལེགས་བཅོས་དང་བློ་བརྟན་འགྱུར་མེད་ཀྱིས་བརྟན་བརླིང་སྲུང་སྐྱོང་བྱས་ནས་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་བསམ་པའི་རྨང་གཞི་བརྟན་པོ་དང་།དཔལ་འབྱོར་གྱི་རྨང་གཞི།སྤྱི་ཚོགས་ཀྱི་རྨང་གཞི   འཇོན་ནུས་ཀྱི་རྨང་གཞི་བཅས་བརྟན་པོར་བཟོས་ཤིང་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གྱི་རྨི་ལམ་འགྲུབ་པར་འབད་འཐབ་བྱ་རྒྱུ་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུའི་ཐོག་ཡིག་ཐོག་གི་གསུང་བཤད་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཡེ་ཤེས་ཟླ་བས་གསུང་བཤད་གལ་ཆེན་གནང་བ་རེད།གྲོས་ཚོགས་དེ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱང་ཆུབ་ཀྱིས་གཙོ་འགན་བཞེས་པ་རེད།
ད་ལོའི་རང་ཁུལ་གྱི་དཔལ་འབྱོར་ལས་ཀའི་སྤྱིའི་བླང་བྱ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་དང་ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་།བཅོས་བསྒྱུར་སྒོ་ཕྱེ་ཟབ་སྤེལ།རྣམ་གྲངས་ཀྱི་གཞི་རྟེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོན་ལས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་དང་།ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་ཇེ་དྲགས་གཏོང་བ།རྨང་གཞི་འཛུགས་སྐྲུན་སྲ་བརྟན།འགྱུར་གསུམ་ཅན་མཉམ་འགུལ་བྱེད་པར་སྐུལ་འདེད་གཏོང་བ།དམངས་འཚོ་ལེགས་བཅོས་བྱེད་པར་འགན་སྲུང་།ཧུར་ཐག་གིས་དཔལ་འབྱོར་དམའ་རིམ་ནས་གཏོར་རྒལ་ཡོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་ཞིག་འཛུགས་གང་ཐུབ་བྱ་རྒྱུ་དེ་རེད།དམིགས་ཡུལ་གཙོ་བོ་ནི།ས་ཁུལ་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་བརྒྱ་ཆ13འཕར་བ་བྱ་རྒྱུ།  གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་བརྒྱ་ཆ25འཕར་བ་བྱ་རྒྱུ།  ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་བརྒྱ་ཆ16འཕར་བ་བྱ་རྒྱུ།སྤྱི་ཚོགས་ཀྱི་མཛད་སྤྱོད་སིལ་ཚོང་དངུལ་གྲངས་བསྡོམས་འབོར་བརྒྱ་ཆ15འཕར་བ་བྱ་རྒྱུ།གྲོང་ཁུལ་སྡོད་དམངས་ཀྱི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ10འཕར་བ་བྱ་རྒྱུ།ཞིང་འབྲོག་དམངས་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་བརྒྱ་ཆ25འཕར་བ་བྱ་རྒྱུ་བཅས་རེད།
གྲོས་ཚོགས་ཀྱིས་ནན་གསུང་གནང་དོན།རྒྱལ་ཁབ་འབྱོར་ཕྱུག་སྟོབས་ལྡན་ཡོང་བ་དང་།མི་རིགས་བསྐྱར་དར་ཡོང་བ། མི་དམངས་བདེ་སྐྱིད་ལྡན་པའི་ཀྲུང་གོའི་རྨི་ལམ་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོ་བ་ཚང་མའི་རྨི་ལམཡིན་ལ།ཀྲུང་གོའི་རྨི་ལམ་ནི་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྨི་ལམ་ཡང་རེད།དཀར་མཛེས་ཁུལ་ལ་ཆ་བཞག་ནས་བཤད་ན་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱས་ནས་དཀར་མཛེས་ཁུལ་གྱི་རྨི་ལམ་འགྲུབ་པ་བྱེད་པ་དང་།དཀར་མཛེས་ཁུལ་གྱི་རྨི་ལམ་འགྲུབ་པ་བྱེད་དགོས་ན་ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་།ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་ལེགས་བཅོས།ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་བརྟན་བརླིང་སྲུང་སྐྱོང་བྱེད་དགོས།ང་ཚོས་ངེས་པར་དུ་དམིགས་ཡུལ་གཏན་འཁེལ་བྱེད་པ་དང་།མྱུར་ཚད་མགྱོ གས་སུ་གཏོང་བ།མཆོང་བརྒལ་འཕེལ་རྒྱས་ཀྱི་དཔལ་འབྱོར་རྨང་གཞི་བརྟན་པོ་བྱེད་དགོས།
  • ལེ་ཚན་སྔོན་མ།:རང་ནས་དཔལ་ཡོན་དར་སྤེལ་བཏང་སྟེ་ཞིང་ཆེན་རིམ་པའི་འཕྲོད་བསྟེན་གྲོང་ཁུལ་མཉམ་སྐྲུན་བྱེད།
  • ལེ་ཚན་རྗེས་མ།:ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་བར་གྱི་གློག་དྲ་སྦྲེལ་བའི་ལས་གྲྭས་ཁྱིམ་ཚང་ཀུན་ཏུ་གློག་སྒྲོན་གསལ།
  • དོ་སྣང་ཆེ་བའི་རྩོམ།