རང་ནས་དཔལ་ཡོན་དར་སྤེལ་བཏང་སྟེ་ཞིང་ཆེན་རིམ་པའི་འཕྲོད་བསྟེན་གྲོང་ཁུལ་མཉམ་སྐྲུན་བྱེད།

(ལྷ་འཛོམས་ཀྱིས་བསྒྱུར།)        2013-04-16

དར་མདོ་ས་ཁུལ་གྱིས་ལེ་ཧྥེང་གི་སྙིང་སྟོབས་དར་སྤེལ་དང་དང་བླངས་ཞབས་འདེགས།ཐུན་མོང་དུ་ཞིང་ཆེན་རིམ་པའི་འཕྲོད་བསྟེན་གྲོང་ཁུལ་སྐྲུན་པའི་བརྗོད་བྱ་གཙོ་བོའི་ཟླ་བའི་བྱེད་སྒོ་སྤེལ།
ཟླ་བ4པའི་ཚེས9ཉིན། དར་མདོ་ས་ཁུལ་གྱིས་ལེ་ཧྥེང་གི་སྙིང་སྟོབས་དར་སྤེལ་དང་དང་བླངས་ཞབས་འདེགས་།ཐུན་མོང་དུ་ཞིང་ཆེན་རིམ་པའི་འཕྲོད་བསྟེན་གྲོང་ཁུལ་སྐྲུན་པའི་བརྗོད་བྱ་གཙོ་བོའི་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་མཛའ་གཞས་ཐང་ཆེན་ཐོག་སྤེལ་བ།དམིགས་ཡུན་ནི་གྲོང་མིའི་དཔལ་ཡོན་བྱང་ཚད་དང་གྲོང་ཁུལ་གྱི་དཔལ་ཡོན་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ཡིན། འགོ་ཚུགས་མཛད་སྒོའི་ཐོག  དར་མདོ་ས་ཁུལ་གྱི་ལས་ཁུངས་དང་དམག་དཔུང་།སློབ་གྲྭ  འདུས་སྡེ། སྒེར་གཉེར་དུད་ཚང་སོགས་ཀྱི་ཁྱོན་བསྡོམས་རང་མོས་ཞབས་འདེགས་རུ་ཁག20ལ་དར་ཆ་སྤྲད་པ་དང་དཔལ་ཡོན་ཁྲིད་སྟོན་པ་དང་འཕྲོད་བསྟེན་ལྟ་སྐུལ་པའི་དཔུང་རྟགས་སྤྲད་པ།སྤྱི་ཚོགས་ཡོངས་ལ་གྲོས་འགོ་འདོན་པར་མ་ཚད།  ད་དུང་ཡོངས་ཁྱབ་ཏུ་དམ་བཅའ་འཇོག་པ་སོགས་མཛད་སྒོ་སྤེལ་བ་རེད།  བྱེད་སྒོའི་ནང་དང་བླངས་པ་སོ་སོར་དཔལ་ཡོན་དར་སྤེལ་གཏོང་རྒྱུ་དང་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་སྤྱི་པའི་ཞབས་འདེགས་ཆུ་ཚད་མཐོར་འདེགས་གཏོང་བ་དང་།གྲོང་ཁུལ་དང་གྲོང་གསེབ་ཀྱི་ཁོར་ཡུལ་ལེགས་སུ་གཏོང་བ།དབུལ་ཕོངས་ལ་རོགས་སྐྱོར་སོགས་བྱེད་སྒོའི་ནང་དོན་གཙོ་བོ་བྱས་ནས་མང་ཚོགས་ཀྱི་ཆེས་སེམས་ཁུར་དང་མངོན་གསལ་དོད་པོའི་གནད་དོན་ཐག་གཅོད་བྱ་རྒྱུར་གཞི་འཛིན་ནས་རྣམ་པ་སྣ་མང་དང་ཕན་འབྲས་དངོས་ལྡན་པའི་ཞབས་འདེགས་བྱེད་སྒོ་ཏན་ཏིག་སྤེལ་དགོས་པའི་བླང་བྱ་བཏོན། རྟིང་མར་མི་སྟོང་གིས་མི་རྟགས་བཀོད་པ་དང་ཐང་ཆེན་ཐོག་དང་བླངས་ཞབས་འདེགས།དཔལ་ཡོན་ཁྲིད་སྟོན།འཕྲོད་བསྟེན་ལྟ་སྐུལ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་ཡ་རི་སྒང་ཡུལ་ཚོས་རིག་གནས་དང་ཡ་རབས་སྤྱོད་བཟང་སློབ་པའི་བྱ་འགུལ་སྤེལ།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དར་མདོ་རུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།