ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་འཚོགས་ནས་དམངས་འཚོ་དང་ཐན་འགོག་ལས་ཀར་འགན་སྲུང་བྱ་རྒྱུར་ཞིབ་འཇུག་བྱས།

(སྒྲོལ་མ་ཚེ་མཚོས་བསྒྱུར།)        2013-03-26

ཟླ་བ3པའི་ཚེས19ཉིན་ཞིང་དཔོན་ཝེ་ཧུང་གིས་གཙོ་འགན་བཞེས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་གྲོས་ཐེངས་བཞི་པ་འཚོགས་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་པར་མ་ཟད།མིག་སྔར་ཞིང་ཆེན་ནང་གི་ས་གནས་ཆ་ཤས་སུ་ཐན་འགོག་དམངས་འཚོ་ལས་ཀར་དམ་འཛིན་བྱ་རྒྱུར་བཀོད་སྒྲིག་བྱས་པ་རེད།
གྲོས་ཚོགས་ཀྱིས2013ལོའི་རང་རེ་ཞིང་ཆེན་གྱི་དམངས་འཚོ་ལེགས་བཅོས་བྱ་རྒྱུ་དང་དང་འབྲེལ་བའི་བྱ་བར་ཞིབ་འཇུག་བྱས་ཡོད། སྲིད་ཇུས་དང་བྱེད་ཐབས་བརྒྱད་འདུས་ཡོད།རྫོང་རིམ་པའི་གཞུང་འཛུགས་སྨན་ཁང་རྒྱ་སྐྱེད་བཏང་ནས་སྨན་རྫས་མ་གནས་འཕར་བར་མེད་པར་བྱ་རྒྱུ་ལག་བསྟར་བྱེད་ཁོངས་རྒྱ་སྐྱེད་གཏོང་བ་།མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཟས་བཅུད་ལེགས་བཅོས་ཀྱི་འཆར་གཞི་ལག་བསྟར་བྱེད་ཁོངས་རྒྱ་སྐྱེད་གཏོང་རྒྱུ།མི་རིགས་ས་ཁུལ་གྱི་བྱིས་པ་སློབ་གསོ་འགན་ལེན་གྱི་གྲོན་དངུལ་ཉུང་འཕྲི་དང་མེད་པ་བཟོ་བའི་སྲིད་ཇུས་ལག་བསྟར་བྱེད་ཁོངས་རྒྱ་སྐྱེད་གཏོང་རྒྱུ།ཞིང་སྡེའི་དཀའ་ངལ་ཆེ་བའི་བུད་མེད་སྐྲན་ནད་གཉིས་ཞིབ་དཔྱད་ལག་བསྟར་བྱེད་ཁོངས་རྒྱ་སྐྱེད་གཏོང་རྒྱུ།བོད་ཁུལ་གྱི་ཐུམ་འབུའི་ནད་ན་གནས་ཚུལ་ལྟ་དཔྱད་བྱེད་ཁོངས་རྒྱ་སྐྱེད་བཏང་ནས་ནད་པའི་སྨན་བཅོས་བྱེད་ནུས་ཆེ་རུ་གཏོང་རྒྱུ།རིན་པ་མི་དགོས་པར་དམིགས་འཛུགས་ཀྱི་ཞིང་སྡེའི་འོས་འགན་སློབ་གསོ་བྱེད་མཁན་དགེ་རྒན་གསོ་སྦྱོང་བྱ་རྒྱུ། དུས་བཀག་ནང་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭའི་བཟའ་ཁང་འཛུགས་སྐྲུན་འགྲུབ་པ་བྱ་རྒྱུ་བཅས་རེད།
  • ལེ་ཚན་སྔོན་མ།:ཧུའུ་ཁྲང་ཧྲེང་གིས་ཀྲུང་དབྱང་ཞིང་ཆེན་ཐད་གཏོགས་གསར་འགྱུར་ལས་ཁུངས་ཀྱི་འགྱུར་མེད་རྡོ་རྗེའི་སྔོན་ཐོན་བྱ་ག
  • ལེ་ཚན་རྗེས་མ།:ལི་ཁང་རོང་བྲག་གདོང་གྲོང་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།